སྡེ་ཚན་གཉིས་ཀྱིས་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ཕྱིའི་ཁྲལ་སྲུང་ཞིབ་བཤེར་ཚད་ལེན་གྱི་ཚོད་ལྟའི་ལས་དོན་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། ཁྲལ་སྲུང་ལྟ་འདོམས་ལམ་ལུགས་ལེགས་སུ་བཏང་ནས་ཞབས་ཞུའི་ཚོང་དོན་དང་རྩེར་སོན་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཚོང་དོན་པུའུ་དང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བརྡ་ཐོ་བཀྲམ་ནས། ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ཕྱིར“ཕྱིར་ཡོད་གཉིས”ཀྱི་འདུས་གྲུབ་གློག་ལམ་དང་དྲ་ཐོག་འཛད་སྤྱོད་ཐོན་རྫས་ཀྱི་ཁྲལ་སྲུང་ཞིབ་དཔྱད་ཚད་ལེན་ལས་སྒོའི་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཕྱི་ཕྱོགས་དཔལ་འབྱོར་ཞིབ་འཇུག་པུའུ་ཕྱོགས་བསྡུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཀྲའོ་ཧྥུའུ་ཅུན་གྱིས། ད་ཐེངས་ཀྱི་ཚོད་ལྟའི་ལས་དོན་གྱིས་འདུས་གྲུབ་གློག་ལམ་དང་དྲ་ཐོག་འཛད་སྤྱོད་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་བའི་དངོས་ཟོག་ལ་དམིགས་ནས། ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་ཕྱིའི་ཁྲལ་སྲུང་ཞིབ་བཤེར་ཚད་ལེན་བྱ་རྒྱུ་རེད། དེ་ལས་ཁྱབ་ཁོངས་དེ་དག་ལ་རིམ་གྱིས་ཆགས་པའི་རང་རྒྱལ་གྱི་ལེགས་ཆ་དང་ནུས་པ་གང་ལེགས་འདོན་ཐུབ་རྒྱུ་མ་ཟད། ཞབས་ཞུའི་ཚོང་དོན་ཁྲོད་ཀྱི་རང་རྒྱལ་གྱི་རྩེར་སོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པའང་གང་ལེགས་འདོན་ཐུབ་རྒྱུ་རེད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།