ཀྲུང་གོར་གློག་སྒུལ་རླངས་འཁོར་དར་བ་ལས་སྤྱི་པའི་བདེ་ཐང་ཆུ་ཚད་མཐོ་རུ་ཕྱིན་པ།

ཉེ་ཆར། ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲོང་ཁྱེར་ནན་ལིང་རྫོང་ཅི་ཧྲན་གྲོང་རྡལ་ལའེ་པང་ཐང་ཆེན་གྱི་གློག་གསོག་ས་ཚིགས་སུ་རྒྱལ་ཁབ་གློག་དྲ་ནན་ལིང་རྫོང་གློག་འདོན་ཀུང་སིའི་ལས་དོན་པས་གློག་སྡོང་ལ་ཞིབ་བཤེར་བྱེད་བཞིན་པ།
ལོ་མང་རིང་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་གནམ་གཤིས་ཀྱི་དམིགས་ཚད་དང་བཟོ་ལས་འཕར་བའི་ཟུར་ཚད་ནས་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་འཆར་གཞི་ལ་གདེང་འཇོག་བྱེད་ཀྱིན་ཡོད། རང་རེའི་རྒྱལ་ཁབ་ཀྱིས་ཁ་གསབ་དངུལ་འབོར་ཆེན་བཏང་ནས་འཛམ་གླིང་ཐོག་གི་གློག་སྒུལ་རླངས་འཁོར་མཁོ་སྤྲོད་འཁོར་འབྲེལ་ཆེ་ཤོས་བསྐྲུན་པ་དང་འབྲེལ་རང་ཉིད་སའི་གོ་ལའི་སྟེང་གི་གློག་སྒུལ་རླངས་འཁོར་ཁྲོམ་ར་ཆེ་ཤོས་སུ་གྱུར་ཡོད།
ཉེ་ཆར《རང་བྱུང》དུས་དེབ་ཐོག་བཀོད་པའི་ཞིབ་འཇུག་སྙན་ཞུའི་ནང་། གློག་སྒུལ་རླངས་འཁོར་ཀྲུང་གོའི་གྲོང་ཁྱེར་དུ་མགྱོགས་མྱུར་ཁྱབ་གདལ་བཏང་བ་ལས་ཉེན་ཁ་ཆེ་བའི་མཁའ་རླུང་སྦགས་བཙོག་དངོས་པོ་ཉུང་དུ་ཤུགས་ཆེན་ཕྱིན་པ་མ་ཟད། མི་ཁྲི་26དུས་མ་ཡིན་པར་འཆི་རིགས་སྔོན་འགོག་ཐུབ་ཡོད་ཤས་ཆེ་ཞེས་འཁོད་ཡོད། ཞིབ་འཇུག་འདི་ནི་དངོས་ཡོད་འཇིག་རྟེན་ཁྲོད་ཀྱི་ཁ་གསལ་ཤོས་ཀྱི་བདེན་དཔང་གྲས་ཤིག་ཡིན་ལ། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་སྤྱོད་རླངས་འཁོར་གྱི་ཚབ་བྱས་པར་ཕྱིར་འབུད་ཇེ་ཉུང་དུ་བཏང་བ་ཕུད་ད་དུང་བདེ་ཐང་གི་གནས་ཚུལ་ཡང་ལེགས་བཅོས་ཐུབ་པར་བདེན་དཔང་བྱས་པ་རེད།
གྲངས་གཞི་ལས་མངོན་པར། གློག་སྒུལ་རླངས་འཁོར་མ་དར་གོང་དང་བསྡུར་ན་དབྱང་གཅིག་ཐཱན་འགྱུར་གྱི་གར་ཚད་30%ཡན་ཆག་ཡོད། PM2.5ཡི་ཆུ་ཚད་དེ་ཚོད་རྩིས་བྱས་པའི་གློག་སྒུལ་མིན་པའི་རླངས་འཁོར་གྱི་གནས་ཚུལ་དང་བསྡུར་ན་23%ཡན་གྱིས་དམའ་བ་ཡོད་པ་རེད།
—— 《རྒྱ་གར་སྐབས་དོན་ཚགས་པར》གྱི་དྲ་ཚིགས་ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།