དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་སྡེ་ཚན་གསུམ་གྱིས།

    སྨན་རྫས་ཚོང་གཉེར་བེད་སྤྱོད་ལྷུ་ཚིགས་སུ་སྨན་རྫས་ཀྱི་སྣ་ཁར་ཆ་འཕྲིན་ཅན་གྱི་ཁུངས་འདེད་པར་མཉམ་དུ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་གནས་ཚུལ་བསྒྲགས་པར། ཞིང་ཆེན་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུས་དང་མཉམ་དུ《ཞིང་ཆེན་ཡོངས་ཀྱི་སྨན་རྫས་ཚོང་གཉེར་བེད་སྤྱོད་ལྷུ་ཚིགས་སུ་སྨན་རྫས་ཀྱི་སྣ་ཁ་ཡོངས་ལ་ཆ་འཕྲིན་ཅན་གྱི་ཁུངས་འདེད་པའི་མ་ལག་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས“སྨན་རྫས་རེར་ཨང་རྟགས་རེ་དང་སྨན་ཨང་མཉམ་འདེད” ལྟེ་བར་བྱས་ཏེ། སྨན་རྫས་ཀྱི་སྣ་ཁ་ཡོངས་དང་འཁོར་འབྲེལ་ཧྲིལ་པོར་ཆ་འཕྲིན་ཅན་གྱི་ཁུངས་འདེད་མ་ལག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་སྐུལ་འདེད་གཏོང་བ་དང་། སྨན་རྫས་ཚོང་གཉེར་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པའི་ཆ་འཕྲིན་ཅན་གྱི་ཁུངས་འདེད་གདུབ་ཟུམ་བསྐྲུན་ཏེ་སྨན་རྫས་ཀྱི་ཡོང་ཁུངས་ཞིབ་བཤེར་དང་། འགྲོ་ཕྱོགས་རྩད་གཅོད། ཉེན་ཁ་ཚོད་འཛིན། འགན་འཁྲི་བདའ་འདེད་བཅས་ཐུབ་པར་འགན་ལེན་བྱས་ཡོད།

    སྔོན་སླ་རྗེས་དཀའ་དང་། རིམ་དབྱེ་ལག་བསྟར། རྒྱུན་མཐུད་སྐུལ་སྤེལ་བཅས་ཀྱི་རྩ་དོན་གཞིར་བཟུང་། ལྷུ་ཚིགས་ཁག་གི་ལེགས་སྒྲུབ་དུས་ཚད་རིམ་པ་བཞིན་དུ་ཁ་གསལ་བཟོས་པ་སྟེ། ཟླ་6ཚེས་30ཉིན་གོང་ཞིང་ཆེན་ཡོངས་ཀྱི་སྨན་རྫས་སྡེབ་ཚོང་ཁེ་ལས་དང་། སིལ་ཚོང་རིགས་འབྲེལ་སྤྱི་ཁྱབ་པུའུ། དེ་བཞིན་སིལ་ཚོང་སྨན་རྫས་ཚོང་ཁང་བཅས་ཀྱི་ཨང་རྟགས་སྤྲད་པའི་སྨན་རྫས་མཛོད་འདོན་ཨང་བཤེར་བྱེད་ཚད་དང་གྲངས་གཞི་ཡར་སྐྱེལ་བྱེད་ཚད་ཚང་མ་100%ཟིན་པར་བྱ་རྒྱུ་དང་། ཟླ་8པའི་ཟླ་མཇུག་གོང་ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ)ཆུས(རྫོང)བཅས་རིམ་པའི་སྨན་བཅོས་སྒྲིག་གཞི་ཚད་གཞིར་སླེབས་པ་བྱ་རྒྱུ། ཟླ་10པའི་ཟླ་མཇུག་གོང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། དེ་བཞིན་དམངས་གཉེར་སྨན་བཅོས་སྒྲིག་གཞི་བཅས་ཚད་གཞིར་སླེབས་པ་བྱ་རྒྱུ། ཟླ་12པའི་ཟླ་མཇུག་གོང་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་གྲོང་ཚོའི་འཕྲོད་བསྟེན་ཁང་དང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས། སྒེར་བཙུགས་སྨན་བཅོས་ཁང་བཅས་95%ཡན་ཟིན་པར་བརྩོན་ལེན་བྱས་ནས། ཁུངས་འདེད་མ་ལག་གཞི་རིམ་དུ་སྣུར་སྲིང་དང་ཁྱབ་པར་བྱ་རྒྱུ་བཅས་རེད།

    སྡེ་ཚན་གསུམ་པོས་མཉམ་དུ་སྨན་རྫས་ཀྱི་ཁུངས་འདེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་ཚོང་གཉེར་ཁེ་ལས་དང་སྨན་བཅོས་སྒྲིག་གཞིར་ཁུངས་འདེད་མ་ལག་འཛུགས་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་འགན་ཁུར་དགོས་པ་དང་། བླང་བྱ་ལྟར་ཁུངས་འདེད་མ་བྱས་པའི་ཚན་པར་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་། འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིས་ཁུངས་འདེད་ཆ་འཕྲིན་ཚད་ལྡན་འཚོལ་བསྡུ་དང་ཡར་སྐྱེལ་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁུར་དགོས་པ། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་འགན་བཅོལ་བསྡོམས་རྩིས་རྒྱག་པའི་སྨན་རྫས་ཀྱི་ཁུངས་འདེད་ཨང་རྟགས་ཆ་འཕྲིན་འཚོལ་བསྡུ་དང་ཡར་སྐྱེལ་བྱ་རྒྱུར་སྐུལ་འདེད་གཏོང་བའི་འགན་ཁུར་དགོས་པ་དང་བླང་བྱ་ལྟར་ཆ་འཕྲིན་ཡར་སྐྱེལ་མ་བྱས་ཚེ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་དངུལ་མཇུག་རྩིས་རྒྱག་གི་མེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།