དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རིག་དངོས་ལ་འགུལ་རྣམ་ལྟ་འདོམས་བྱེད་སྟངས་རིམ་སྤོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་2026ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ཚན་པར་སྲུང་སྐར་རྒྱང་ཚོར་གྱི་ཁྲིམས་སྒྱུར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད་པ་དང་། ལྟ་ཞིབ་ཚད་ལེན་བྱ་ཡུལ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་51དང་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་457སོགས་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་ཁྱབ་ཁོངས་དང་འཛུགས་སྐྲུན་ཚོད་འཛིན་གྱི་ས་ཆར་ཕྱོགས་ཡོངས་ནས་ཁྱབ་ཡོད་ཅིང་། ལོ་འདིའི་ནང་དུ་འགུལ་རྣམ་ལྟ་འདོམས་ཐེངས་2བྱེད་རྩིས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་སུ་རིག་དངོས་ཐོན་ཁུངས་ཀྱི་གྲངས་འབོར་མང་བ་དང་། རིགས་ཕུན་སུམ་ཚོགས་པ། ཁྱབ་རྒྱ་ཆེ་བ་བཅས་ཡོད་མོད། འོན་ཀྱང་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་བསྟུན་ནས། རིག་དངོས་སྲུང་སྐྱོབ་ཚན་པ་ཁག་གཅིག་ལ་གསར་སྤེལ་བྱེད་དྲགས་པ་དང་། སྒྲིག་འགལ་འཛུགས་སྐྲུན། གཏོར་སྐྱོན་གཏོང་བ་སོགས་ཀྱི་ཉེན་ཁ་མང་པོ་འཕྲད་ཡོད། ཁྱབ་ཁོངས་ཆེ་ཞིང་རྒྱུན་རྣམ་ཅན་གྱི་རིག་དངོས་བདེ་འཇགས་ལྟ་འདོམས་ཀྱི་དགོས་མཁོའི་མདུན་དུ་སྲོལ་རྒྱུན་གྱི་མི་ཐབས་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་ཀྱིས་དགོས་མཁོ་སྐོང་ཐུབ་ཀྱི་མེད། དེར་བརྟེན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་དེ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར(རིག་དངོས)སྡེ་ཚན་གྱིས་རིགས་ཁག་གི་རིག་དངོས་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་ཧུར་ཐག་བྱས་ནས། རིག་དངོས་ཐད་ཀྱི་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། རིག་དངོས་ཐད་ལ་སྲིད་འཛིན་ཁྲིམས་སྒྱུར་ནན་པོ་བྱེད་པ། སྲུང་སྐར་རྒྱང་ཚོར་གྱི་ཁྲིམས་སྒྱུར་ལྟ་ཞིབ་ཚད་ལེན་བྱ་ཡུལ་51ལས་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་འཛུགས་སྐྲུན་གྱི་གནད་དོན་དག་ཐེར་ཐག་གཅོད་བཅས་བྱས་པས། ཞིང་ཆེན་དེ་ཡོངས་ཀྱི་རིག་དངོས་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

    གླེང་འོས་པ་ཞིག་ནི། 2025ལོར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང(ཞིང་ཆེན་རིག་དངོས་ཅུས)གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་སྡེ་ཚན་ལ་རང་འགུལ་ངང་འབྲེལ་མཐུད་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་རིག་དངོས་སྲུང་སྐྱོབ་ཚན་པར་སྲུང་སྐར་རྒྱང་ཚོར་གྱི་ཁྲིམས་སྒྱུར་ལྟ་ཞིབ་ཚད་ལེན་བྱས་པས་ཉེར་སྤྱོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད། ཞིང་ཆེན་ཡོངས་ཀྱི་སྲོལ་རྒྱུན་གྱི་རིག་དངོས་ལྟ་འདོམས་ཐད་ལ་སྐོར་ཞིབ་ཀྱི་ལས་ཕྱོད་དམའ་བ་དང་། མངོན་མེད་རྐྱེན་ངན་ཤེས་རྟོགས་དུས་ཐོག་ཏུ་མ་བྱུང་བ། ལྟ་འདོམས་ཀྱི་ཁྱབ་རྒྱ་ཆུང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། ཞིང་ཆེན་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་དང་ལྟ་འདོམས་བྱེད་སྟངས་ཚན་རྩལ་ཅན་དང་། ཞིབ་ཚགས་ཅན། ཚད་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།