དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཀྲུང་གོ་དང་སི་རི་ལན་ཁའི་ཀློག་པ་པོའི་འདུ་ཚོགས་ཁོ་ལོན་པོ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-07-05

     ཚེས་3ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ཀྲུང་གོ་དང་སི་རི་ལན་ཁའི་ཀློག་པ་པོའི་འདུ་ཚོགས་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོ་རུ་འཚོགས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས་ངོས་འཛིན་བྱས་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མཚོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་འགྲོ་ལམ་དང་། ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་ལ་གོ་བ་སྔར་བས་གཏིང་ཟབ་ལེན་པར་ཕན་ཐོགས་ཡོད། ཚོགས་ཞུགས་སྐུ་མགྲོན་ཚོས། ཀྲུང་སི་རྒྱལ་ཁབ་གཉིས་པོ་ནི་དེང་རབས་ཅན་གྱི་ལམ་རོགས་ཤིག་རེད། ད་ཐེངས་ཀློག་པ་པོའི་འདུ་ཚོགས་འཚོགས་པ་དེས་རྒྱལ་ཁབ་གཉིས་པོའི་དབར་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། ཐུན་མོང་གི་ངོས་འཛིན་གཅིག་འདུས་བྱེད་པ། མཉམ་ལས་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་ཀྲུང་སིའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།

    སི་རི་ལན་ཁའི་གྲོས་དཔོན་ཅ་ཅ་ཐེ·ཝུའེ་ཁེ་ལ་མཱ་ལ་ཐེ་ནཱ་ཡིས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་འཛམ་གླིང་གིས་ཀྲུང་གོའི་བཅོས་སྐྱོང་མཛད་ཇུས་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས། གསར་གཏོད་ཀྱི་འདུ་ཤེས། རྒྱལ་སྤྱིའི་མཉམ་ལས་ཀྱི་འདོད་ཚུལ་བཅས་ཤེས་རྟོགས་བྱེད་པར་རྩ་ཆེའི་མཐོང་སྣེ་མཁོ་འདོན་བྱས་ཡོད། གསུང་རྩོམ་དེའི་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལག་ལེན་ཉམས་མྱོང་བཀོད་ཡོད་ལ། ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བསམ་གཞིག་གཏིང་ཟབ་བྱས་པའང་བསྟན་ཡོད། སི་རི་ལན་ཁས་ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་མུ་མཐུད་རྒྱ་ཆེར་བཏང་ནས་སི་ཀྲུང་དབར་ཟོལ་མེད་རོགས་རེས་དང་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

    སི་རི་ལན་ཁའི་སློབ་གསོ་དང་མཐོ་རིམ་སློབ་གསོ་པུའི་པུའུ་ཀྲང་གཞོན་པ་མཱ་ཐུའུ་ལ·སེ་ནེ་ཝེ་ལ་ཐེ་ན་ཡིས་བརྗོད་དོན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྒྲོམ་གཞི་གསལ་པོར་བཀོད་ཡོད་པ་དང་དེའི་ནང་དཔལ་འབྱོར་འཕེལ་རྒྱས་དང་། ཚན་རྩལ་གསར་གཏོད། དེང་རབས་སློབ་གསོ། དེ་བཞིན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཁྱབ་ཁོངས་ཁག་ཚུད་ཡོད། དེང་རབས་ཅན་མངོན་འགྱུར་བྱེད་འདོད་ལ་ལོ་རྒྱུས་ཀྱི་རྩ་བ་ཤོར་མི་འདོད་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་དེའི་ཁྲོད་ནས་རྩ་ཆེའི་བློ་སྐྱེད་རྙེད་ཐུབ།

    སི་རི་ལན་ཁ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཅི་ཀན་ནཱ་ཀེ·ཝུའེ་ལ་ཤིན་ཧ་ཡིས་བརྗོད་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་དེང་རབས་ཅན་འཛུགས་སྐྲུན་ལ་སྒྲིག་འཛུགས་སྔར་བས་ནུས་ལྡན་བྱེད་ཐུབ་པ་དང་ལས་ཕྱོད་དང་དྲང་གཞག་ལ་དེ་བས་ལྟ་རྟོག་ཡག་པོ་བྱེད་ཐུབ་པ་ར་སྤྲོད་གང་ལེགས་བྱས་ཡོད།

    བྱེད་སྒོ་སྤེལ་རིང་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁ་ཕྱོགས་ཀྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མ་དང་དེབ་གཉིས་པའི་སེང་ཅ་ལུའོ་ཡི་གེའི་དཔར་མའི་དཔེ་དེབ་སྤྲད་པ་རེད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་བཅོས་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། སྒོ་དབྱེ་མཉམ་ལས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ད་ཐེངས་ཀྱི་ཀློག་པ་པོའི་འདུ་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི“ལས་དབང་གཅིག་མཐུན། ཀྲུང་སི་དེང་རབས་ཅན་གྱི་ལམ་དུ་མཉམ་དུ་སྐྱོད”ཅེས་པ་དེ་ཡིན་པ་དང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་སི་རྒྱལ་ཁབ་གཉིས་པོའི་སྲིད་ཕྱོགས་ལས་རིགས་དང་། མཐོ་སློབ། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་མི་སྣ་300ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།