2025ལོའི་རིག་གནས་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་20ལྷག་ཙམ་ཟིན་པ།
རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་2025ལོའི་རྒྱལ་ཡོངས་རིག་གནས་དང་དེ་དང་འབྲེལ་བའི་ཐོན་ལས་ཀྱི་འཕེལ་རྒྱས་གནས་ཚུལ་སྐོར་གྱི་སྙན་ཞུ་ལས་མངོན་པར། 2025ལོར་རང་རྒྱལ་གྱི་རིག་གནས་དང་དེ་དང་འབྲེལ་བའི་ཐོན་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་208254ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་བཏོད་པ་དེ་ལོ་གོང་མ་ལས་8.8%འཕར་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། རིག་གནས་ཐོན་ལས་ཀྱི་ལས་རིགས་ཆེན་པོ་དགུའི་ལས་གཉེར་ཡོང་འབབ་ཕྱོགས་ཡོངས་ནས་འཕར་ཞིང་། དེའི་ནང་། བློ་གསར་ཇུས་འགོད་ཞབས་ཞུ་དང་། ནང་དོན་གསར་རྩོམ་སྒྲིག་བཟོ། གསར་འགྱུར་ཆ་འཕྲིན་ཞབས་ཞུ། རིག་གནས་རོལ་རྩེད་སྤྲོ་གསེང་ཞབས་ཞུ་བཅས་ལས་རིགས་4ཡི་ལས་གཉེར་ཡོང་འབབ་གྲངས་གནས་གཉིས་འཕར་ཏེ་ལོ་གོང་མ་ལས་13.2%དང་། 12.4% 12.3% 10.7%བཅས་སོ་སོར་འཕར་ཡོད་པ་དང་། རིག་གནས་ཀྱི་སྒྲིག་ཆས་ཐོན་སྐྱེད་དང་། རིག་གནས་ཀྱི་ཁྱབ་སྤེལ་ཐབས་ལམ། རིག་གནས་ཀྱི་མ་འཇོག་གཉེར་སྐྱོང་། རིག་གནས་ཀྱི་རམ་འདེགས་ཐོན་སྐྱེད་དང་མཚམས་སྦྱོར་ཞབས་ཞུ། རིག་གནས་ཀྱི་འཛད་སྤྱོད་མཐའ་སྣེ་ཐོན་སྐྱེད་བཅས་ལས་རིགས་5ཡི་གཉེར་སྐྱོང་ཡོང་འབབ་ལོ་གོང་མ་ལས་8.0%དང་། 7.7% 3.1% 2.7% 2.5%བཅས་སོ་སོར་འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།