དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་20ཡི་རིང་མཚོ་བོད་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་1ལྷག་ཙམ་སྐྱེལ་འདྲེན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-04

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་20སོང་རིང་། རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་དུང་ཕྱུར་1.04དང་དངོས་ཟོག་ཏུན་དུང་ཕྱུར་8.24སྐྱེལ་འདྲེན་བྱས་ཡོད་པ་རེད།

    མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ་1956ཟིན་ཞིང་། ཤར་ནི་མཚོ་སྔོན་ཟི་ལིང་དང་ནུབ་ནི་བོད་ལྗོངས་ལྷ་སའི་བར་ཡིན། དེ་ནི་འཛམ་གླིང་དུ་ཆ་སྙོམས་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་རེད། དེ་ཤར་གཏོང་ཐུབ་པ་ལས་བོད་ལ་ལྕགས་ལམ་ཤར་གཏོང་མ་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།

    ལོ་20སོང་རིང་། མཚོ་སྔོན་དང་བོད་ཀྱིས་རིམ་རྩིས་བརྒྱབ་ན་ལྕགས་ལམ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་1170.2ཟིན་པ་དང་། ལྕགས་ལམ་གྱི་ལས་གཉེར་ལམ་ཐག་སྤྱི་ལེ་2207.8ནས་སྤྱི་ལེ་4060.1བར་རིང་དུ་ཕྱིན་ཏེ་83.9%འཕར་ནས་མཚོ་བོད་ལྕགས་ལམ་གྱིས་གཙོས་པའི་ས་མཐོའི་ལྕགས་ལམ་དྲ་བ་ཞིག་མྱུར་པོ་ཆགས་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།