དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཙོའུ་ཤང་།   |     སྤེལ་དུས།  2026-07-04

    “བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས་མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་དགོས”ཟླ་6ཚེས་30ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་བླང་བྱ་ཁ་གསལ་བཏོན་ནས། ང་ཚོས་འབྲུབ་འགོག་ཐན་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་ཁྲིད་སྟོན་གལ་ཆེན་བྱས་ཡོད།

    དུས་རབས་གསར་པ་ཤར་ཚུན་ང་ཚོས་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་རྡབ་རྡེག་དང་འགྲན་སློང་མང་པོར་ཁ་གཏད་ནུས་ལྡན་བཅག་ཐུབ་པའི་ཕྱོགས་གལ་ཆེན་ཞིག་ནི་ཉེན་ཁ་སྣ་ཚོགས་མ་འོངས་སྔོན་མཐོང་དང་སྔོན་དཔག་བྱེད་མཁས་པོ་བྱེད་པ་དང་། དཀའ་ངལ་ཚོད་དཔག་སྔར་བས་ཡག་པོ་དང་ཉེན་ཁར་བསམ་བློ་སྔར་བས་གཏིང་ཟབ་གཏོང་བ། མཐའ་ཚད་ཀྱི་བསམ་བློ་དང་མཐའ་ཟད་ཀྱི་བསམ་གཞིག་ལ་བརྟེན་ནས་ཁ་གཏད་འཇལ་བའི་སྔོན་ཇུས་ཡག་པོ་བཟོ་བ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དེ་ཡིན།

    མིག་སྔར་རང་རྒྱལ་འདི་ཉིད་འབྲུབ་ཆུ་རྒྱས་དུས་སུ་སླེབས་ཏེ། དམིགས་བསལ་གྱི་གནམ་གཤིས་སྔར་བཞིན་ཅུང་མང་པོ་བསྟན་ལ་ཐན་ཞོད་ཀྱང་བྱུང་ཡོད། ཞོད་ཟོན་ཐན་འགོག་གི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩ་དེ་ཉེན་ཁར་སྔོན་ལ་བསམ་བློ་གཏོང་བ་དང་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པར་ཐུག་ཡོད། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གནད་ལ་འཁེལ་ཚད་མཐོ་རུ་གཏོང་བ་དང་། ཆུ་བོ་དང་མཚེའུ་ཡི་བཤངས་ལམ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། སྤྱི་འདོམས་བཀོད་སྒྲིག་དང་སྔ་སྣུར་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། དམིགས་བསལ་གནས་ཚུལ་འོག་གི་རོགས་སྐྱོབ་ནུས་པ་ཆེ་རུ་གཏོང་བ་ལ་སོགས། ཆུ་མ་ཤོར་གོང་ནས་རགས་ཡག་པོ་བརྒྱབ་ཚེ་བདེ་འཇགས་དང་རང་འགུལ་སྔར་བས་ལྷག་པ་ཡོང་རྒྱུ་རེད།

    འགན་འཁྲི་ལྕི་པོ་ཕྲག་ཏུ་ཁུར། དཔའ་ངར་ཆེན་པོས་མདུན་དུ་སྐྱོད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ནས། ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བའི་འདུ་ཤེས་བརྟན་སྲུང་བྱེད་པ་དང“རྟག་ཏུ་བློ་བཟོད་མི་བདེ་བའི”འགན་འཁྲིའི་བསམ་པ་དེ“བྱ་བ་ཚང་མར་གདེང་ཚོད་ཡོད་པའི”བྱ་སྤྱོད་སྤེལ་ཤུགས་སུ་སྒྱུར་དགོས། འདི་ནི་ཐོག་མའི་བསམ་འདུན་དང་ལས་འགན་ལག་ལེན་ནུས་ལྡན་བསྟར་བ་ཞིག་ཡིན་ལ། དོར་ཐབས་བྲལ་བའི་འགན་འཁྲི་ཞིག་དེ་བས་ཀྱང་རེད།


    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།