ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གསར་འགྱུར་མགྲིན་ཚབ་པའི་གླེང་མོལ་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འཚོགས་པ།
ཉེ་ཆར། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གསར་འགྱུར་མགྲིན་ཚབ་པའི་གླེང་མོལ་ཚོགས་འདུ་སྐབས་བཞི་པ་པེ་ཅིང་དུ་འཚོགས་ཤིང་། རང་རྒྱལ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་གསར་འགྱུར་མགྲིན་ཚབ་པ་ཁྱོན་20ལྷག་ཙམ་མཉམ་དུ་འཛོམས་ནས“གསར་འགྱུར་ཡོངས་བསྒྲགས་དང་དེང་རབས་ཅན་གྱི་འཕེལ་རིམ”བརྗོད་དོན་གཙོ་བོར་བྱས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བའི་ལོ་རྒྱུས་ཡུན་རིང་བ་དང་ཕུན་སུམ་ཚོགས་ཤིང་། ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་ལ་སྤུས་ཚད་མཐོ་བ་དེས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་སོང་ཡོད། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀུན་གྱིས་གསར་འགྱུར་ཡོངས་བསྒྲགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལྷག་པར་དུ་མིག་སྔའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་། མི་ཐབས་རིག་ནུས་རིམ་འཇུག་རིམ་སྤོར། སྨྱན་སྦྱོར་སྐྱེ་ཁམས་འཕེལ་འགྱུར་མགྱོགས་སུ་འགྲོ་བ་བཅས་ཀྱི་རྒྱབ་ལྗོངས་འོག གསར་འགྱུར་ཡོངས་བསྒྲགས་བརྒྱུད་དབང་གྲགས་ལྡན་པའི་ཆ་འཕྲིན་འདོན་པའི་གལ་ཆེན་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་ཉམས་མྱོང་མཉམ་སྤྱོད་དང་གླེང་མོལ་ལ་ཤུགས་སྣོན་རྒྱག་པ་དེས། བསམ་ཤེས་ཟབ་གཏོང་དང་ཐུན་མོང་ཡར་རྒྱས་ལ་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས། གསར་འགྱུར་མགྲིན་ཚབ་པས་འབྲེལ་ཟམ་དང་འབྲེལ་ཐག་གི་དགེ་མཚན་བཏོན་ནས་རྒྱལ་ཁབ་ཁག་གི་དེང་རབས་ཅན་འཕེལ་རྒྱས་ཀྱི་གཏམ་རྒྱུད་གསོན་ཉམས་དོད་པོས་བརྗོད་པ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་དབར་གྱི་མཉམ་ལས་གྲུབ་འབྲས་མངོན་པ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་འདུ་ཤེས་བརྒྱུད་སྤྲོད་བཅས་བྱས་ཏེ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་ལ་དྲང་ནུས་སྦྱིན་དགོས་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།