དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲེང་ཧོ་བྱ་སྤྱོད་ཀྱི་མཛའ་གྲོགས་ཕོ་ཉ”ཞེས་པའི་རིམ་སྤེལ་གྱི་རིག་གནས་སྤེལ་རེས་བྱེད་སྒོ་ཧིན་རྡུ་ཉི་ཞི་ཡར་སྤེལ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-04

    ཟླ་6ཚེས་30ནས་ཟླ་7ཚེས་1ཉིན་བར། “ཀྲེང་ཧོ་བྱ་སྤྱོད་ཀྱི་མཛའ་གྲོགས་ཕོ་ཉ”ཞེས་པའི་རིམ་སྤེལ་གྱི་རིག་གནས་སྤེལ་རེས་བྱེད་སྒོ་ཧིན་རྡུ་ཉི་ཞི་ཡའི་ཅ་ཁར་ཐ་རུ་སྤེལ་ཞིང་། བྱེད་སྒོའི་གྲས་སུ་ཀྲེང་ཧེ་གྲུ་གཟིངས་རུ་ཁག་གི་གྲུ་ཤན་དཔེ་དབྱིབས་ཞལ་འདེབས་དང་། རིག་གནས་ཚོང་འདུས་དང་གསར་གཏོད་རྒྱ་ཁྱབ་བརྡ་སྦྱོར་འགྲེམས་སྟོན། གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་དང་ཀྲེང་ཧོའི་སྙིང་སྟོབས་རྒྱལ་སྤྱིའི་བརྒྱུད་སྤེལ་བགྲོ་གླེང་ཚོགས་འདུ། དེ་བཞིན་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་གཞོན་ནུ་ལོ་ཆུང་གི“མཛའ་གྲོགས་ཕོ་ཉའི”ཆིངས་འཇོག་མཛད་སྒོ་སོགས་བྱེད་སྒོ་ཁག་10ལྷག་ཙམ་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།