རང་སྐྱོང་ལྗོངས་ཀྱི་2026ལོའི“བདུན་གཅིག”གླུ་གཞས་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་འདིར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་གླུ་ཞིག་བླངས་ནས་ཏང་ལ་འབུལ་ཞེས་པའི“བདུན་གཅིག”གླུ་གཞས་འགྲན་བསྡུར་ལྷ་སར་གཉེར་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་འགྲན་བསྡུར་ལ་ཕེབས་པ་དང་འབྲེལ་བྱ་དགའ་ཐོབ་མཁན་རུ་ཁག་ལ་བྱ་དགའ་ཡང་གནང་བ་རེད།
འགྲན་བསྡུར་བྱ་ཡུལ་དུ་གློག་འོད་རབ་ཏུ་འཕྲོ་བཞིན་ཧ་ཅང་འཁྲུག་ཆ་དོད་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་ནས་ཡོང་བའི་མཉམ་གཞས་འཐུས་མི་རུ་ཁག་6དང་རོལ་དབྱངས་འཐུས་མི་རུ་ཁག་6གིས་གསར་བརྗེའི་རོལ་དབྱངས་ལེ་ཚན་གྲགས་ཅན་དང་གསར་རྩོམ་བརྩམས་ཆོས་རྩེ་གྲ་འཁྲབ་སྟོན་བྱས་ནས་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་མཚོན་པར་བྱས་ཡོད། འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་མཉམ་གཞས་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་དང་ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་ལ་རོལ་དབྱངས་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་ཅིང་། བྱེད་སྒོའི་ཐོག་ད་དུང་ཕུལ་བྱུང་བྱ་དགའ་དང་སྒྲིག་འཛུགས་བྱ་དགའ་སོགས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།