ཁུ་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧ་ཝ་ན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྲིད་གཞུང་གིས་རྒྱལ་ས་ཧ་ཝ་ན་ཡི་གསར་བརྗེའི་ཕོ་བྲང་དུ་འདུ་ཚོགས་གཟབ་རྒྱས་འཚོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་དང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུས་པ་རེད།
ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་གི་ཧྲུའུ་ཅི་དང་པོ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏི་ཡ་སེ-ཁཱ་ནེར་སོགས་ཁུ་པ་ཏང་སྲིད་ཀྱི་འགོ་ཁྲིད་པ་དང་། ཁུ་པར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྭ་ཤིན། ཀྲུང་གོས་མ་དངུལ་བཏང་བའི་ཁེ་ལས་དང་། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཕྱི་སྦྱོང་སློབ་མ་བཅས་ཀྱི་འཐུས་མི་དང་དེ་བཞིན་ཁུ་པར་བཅའ་སྡོད་རྒྱལ་ཁབ་མང་པོའི་གཞུང་ཚབ་དང་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བཅས་མི་200ཙམ་ཞུགས་ཡོད་པ་རེད།
ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་རྒྱལ་སྤྱིའི་འབྲེལ་བ་པུའི་པུའུ་ཀྲང་ལོ་སཱ་ཏ་ཡིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་ཆེན་པོ་མངོན་ཡོད་ཅེས་གདེང་འཇོག་མཐོན་པོ་བྱས་པ་མ་ཟད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ལག་གདང་དཔུང་སྦྲེལ་གྱིས་སྤྱི་ཚོགས་རིང་ལུགས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་ཀྱང་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།