ཧོ་པེའི་ཆིན་ཧོང་ཏའོ་རྟེན་མཛོད་ཁང་གིས་གནའ་དེང་ལ་ཞིབ་འཇུག་དང་སློབ་སྦྱོང་གིས་ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་འབྲེལ་ཟམ་བཙུགས་པ།

འདི་ནི་ཟླ་7ཚེས་1ཉིན། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཡན་ཧྲན་སློབ་ཆེན་གྱིས་སྒྲིག་འཛུགས་བྱས་པའི་2026ལོའི“རི་མཚོའི་རྣམ་པ་དགའ་བས་ཤེས་རྟོགས་བྱེད”ཅེས་པའི་རྒྱལ་སྤྱིའི་དབྱར་གསེང་རིང་གི་རྒྱ་ཡིག་དབྱར་སྒར་ལ་ཨུ་རུ་སུའི་གཞོན་ནུས་ཆིན་ཧོང་ཏའོ་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
ཟླ་7ཚེས་1ཉིན། ཡན་ཧྲན་སློབ་ཆེན་གྱིས་སྒྲིག་འཛུགས་བྱས་པའི་2026ལོའི“རི་མཚོའི་རྣམ་པ་དགའ་བས་ཤེས་རྟོགས་བྱེད”ཅེས་པའི་རྒྱལ་སྤྱིའི་དབྱར་གསེང་རིང་གི་རྒྱ་ཡིག་དབྱར་སྒར་ཁྲོད་ཨུ་རུ་སུའི་གཞོན་ནུ་37ཆིན་ཧོང་ཏའོ་རྟེན་མཛོད་ཁང་དུ་བསྐྱོད་དེ་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་ཞིབ་སློབ་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཡན་ཧྲན་སློབ་ཆེན་གྱི་2026ལོའི“རི་མཚོའི་རྣམ་པ་དགའ་བས་ཤེས་རྟོགས་བྱེད”ཅེས་པའི་རྒྱལ་སྤྱིའི་དབྱར་གསེང་གི་དབྱར་སྒར(ཨུ་རུ་སུའི་སྒར་ས)གྱིས་རྒྱ་ཡིག་ཤེས་རྟོགས་དང་། མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ། དངོས་ལྗོངས་ཞིབ་སློབ་བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་མི་སྐྱོང་མ་ལག་གསར་གཏོད་བྱས་ནས་རྒྱ་ཡིག་སློབ་ཚན་རིམ་པ་དབྱེ་སྟེ་སྐད་ཡིག་ཕན་ཚུན་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ཐོག་ཨུ་རུ་སུའི་གཞོན་ནུས་ཐག་ཉེ་ས་ནས་ལྕགས་རི་རིང་པོའི་ཤེས་དཔལ་དང་རི་མཚོའི་ས་ཁོངས་རིག་གནས་ལ་ཤེས་རྟོགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།