དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • སི་ཁྲོན་ལེ་ཧྲན་གྱི་གྲོང་གསེབ་ཏུ་དུག་འགོག་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-03


    འདི་ནི་ཟླ་6ཚེས་25ཉིན། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་ཧྲེ་ཀྲུང་ཆུས་བྱམས་ཆེན་ཁྲོམ་གཞུང་མིང་གཡོད་གྲོང་ཚོར། མི་དམངས་ཉེན་རྟོག་པས་ཡུལ་མིར་དུག་རྫས་སྐོར་གྱི་ཤེས་བྱ་གསལ་འགྲེལ་རྒྱག་བཞིན་པ།

    2026ལོའི་ཟླ་6ཚེས་25ཉིན། སི་ཁྲོན་ཞིང་ཆེན་ལེ་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཉིང་ལག་རུ་ཁག་གིས་དགའ་བྱེད་རི་བོའི་བྱམས་ཆེན་མཛེས་ལྗོངས་གྲགས་ཅན་ཁུལ་ཡན་ལག་ཅུས་དང་ལེ་ཧྲན་གྲོང་ཁྱེར་ལིང་ཡུན་འོས་འགན་ཉེན་རྟོག་མཐུན་ཚོགས་དང་མཉམ་དུ་མི་དམངས་ཉེན་རྟོག་པ་དང་འོས་འགན་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་ཏུ“བདེ་ཐང་གི་མི་ཚེ། ལྗང་མདོག་དང་དུག་མེད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་བསྐྱོད་ཅིང་། དུག་རྫས་ཀྱི་འདྲ་བཟོའི་དཔེ་དབྱིབས་སྟོན་པ་དང་། དྲིལ་བསྒྲགས་ཡིག་ཆ་སྤྲོད་པ། ཡུལ་དངོས་སུ་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཡུལ་མིར་དུག་རྫས་ཀྱི་སྣ་ཁ་དང་། ཁྱད་ཆོས། གནོད་འཚེ་སོགས་གསལ་འགྲེལ་བརྒྱབ་ནས་དུག་རྫས་ལ་འགོག་ཟོན་བྱེད་པའི་ཡུལ་མིའི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།