ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གིས་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱས་ཏེ“མི་རིགས་ཁག་བློ་སེམས་གཅིག་སྒྲིལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་། ལག་གདང་སྦྲེལ་ནས་ཆུ་གསུམ་གསར་པ་མཉམ་སྐྲུན་བྱེད་པའི”ལས་དོན་གྱི་བསམ་ཕྱོགས་ལ་དམིགས་ཏེ་རྫོང་ཡོངས་ཀྱི་ལས་བྱེད་པ་དང་། ཁེ་ལས། མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཕྱོགས་མང་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་བརྟེན་ཏེ་སྐྱེ་ཁམས་སྲུང་སྐྱོང་ལ་རམ་འདེགས་དང་སྐྱེ་ཁམས་དམངས་ཕན་གྱིས་མི་རིགས་མཐུན་སྒྲིལ་བརྟན་པོ་ཡོང་བའི་ཁྱད་ལྡན་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད་པ་རེད།
ཆུ་གསུམ་རྫོང་གིས་མི་རིགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གནམ་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་བརྒྱབ་ནས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ལྟ་འདོམས་དྲ་བ་བཙུགས་པས། རྫོང་གྲོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལོ་འཁོར་མོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཚད་གཞིར་སླེབས་པ་དང་། གནམ་གཤིས་བཟང་པོ་བསྟན་པའི་བསྡུར་གྲངས་98%ལྷག་ཙམ་ཟིན་པ། ས་ངོས་ཀྱི་ཆུའི་སྤུས་ཚད་རིགས་Ⅱལ་བརྟན་པོར་གནས་པ། འཐུང་ཆུའི་ཆུ་འགོའི་ཚད་གཞི་ལོན་ཚད་100%ཟིན་ཡོད་པ་རེད། རྫོང་རིམ་པས་ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་300བཀོད་སྒྲིག་བྱས་ནས་གྲོང་གསེབ་ཀྱི་གད་སྙིགས་བརྒྱུད་འདྲེན་འགན་ལེན་བྱས་པ་དང་། རིམ་གསུམ་སྨན་བཅོས་ཀྱི་སྙིགས་རོ་བསྡུ་འདྲེན་མ་ལག་བསྐྲུན་པས་བརྒྱུད་འདྲེན་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན་ཡོད། མ་དངུལ་སྒོར་ཁྲི་242ཨར་སྐྲུན་གད་སྙིགས་གཙང་སེལ་བྱ་ཡུལ་བསྐྲུན་པར་སྤྱད་པ་དང་། ཉིན་རེར་གཙང་སེལ་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་300ལྷག་ཙམ་ཟིན་པ། དེ་བཞིན་དུས་གཅིག་ཏུ་ཉེན་ཆེའི་སྙིགས་རོ་བསྡུ་གསོག་ཉར་ཚགས་ཀྱི་ཚོད་ལྟར་སྐུལ་འདེད་བཏང་བ་མ་ཟད། རྒྱུན་རྣམ་ཅན་གྱི་ཁོར་ཡུག་སྲུང་སྐྱོང་གི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱང་བྱས་ནས་ལྗང་མདོག་མཉམ་བཅོས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད།
ཆུ་གསུམ་རྫོང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་བཀོད་སྒྲིག་ཤུགས་ཆེན་བྱས་པ་དང་། ཧྭ་གློག་སྟོད་གཟིགས་རླུང་གློག་+ནུས་གསོག་རྣམ་གྲངས་ཀྱིས་ལོར་ཐཱན་ཏུན་ཁྲི་7.44འབུད་ཚད་ཉུང་དུ་བཏང་བ། རྫོང་ཡོངས་ཀྱི་ནུས་རྒྱུ་གཙང་མའི་སྤྱི་ཡོངས་ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་82.5ཟིན་པ་དང་ས་གནས་དེ་གའི་མང་ཚོགས་ལ་ལས་གནས་མཁོ་འདོན་བྱས་པས་འབབ་འཕར་བྱུང་ཡོད། སྒོར་ཁྲི་1432.33ཟིན་པའི་ཤིང་འབྲས་དང་ཤིང་ནགས་རྣམ་གྲངས་བརྒྱུད་མི་རིགས་ཁག་གི་མང་ཚོགས་170ལྷག་ཙམ་ལ་འབབ་འཕར་སྒོར་ཁྲི་191ཙམ་བྱུང་ཡོད། མིག་སྔར་ཆུ་གསུམ་རྫོང་ལ་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གི་མཚན་སྙན་ཐོབ་པ་དང་། ས་ཁོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔེ་སྟོན་གྲོང་རྡལ་དང་གྲོང་ཚོ་འཛུགས་གཏོད་བྱས་ཟིན་པ། རང་སྐྱོང་ལྗོངས་རིམ་པའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་མིང་ཐོའི་ནང་ཚུད་པ། གྲོང་ཁྱེར་རིམ་པའི“སྙིགས་རོ་མེད་པའི་གྲོང་ཁྱེར་གྱི་ཕྲ་ཕུང”36བསྐྲུན་ཟིན་པ། སྐྱེ་ཁམས་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ཕྱོགས་གཉིས་ཀར་མཐུན་རྐྱེན་སྦྱར་ནས་མི་རིགས་ཁག་ཐུན་མོང་འབྱོར་ཕྱུག་ཡོང་བའི་ཕྱོགས་སུ་བསྐྱོད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།