དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གིས​་མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་ཁྱབ་གདལ་གཏོང་བའི་སྤྱི་ཕན་སློབ་ཁྲིད་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-03

    ཉེ་ཆར“གསོན་ཉམས་དོད་པའི་མངོན་མིན་རིག་གནས་ཤུལ་བཞག·ཀྲེན་ཅང་སུན་ཧྲི་ཐའེ་ཅི་དྲག་རྩལ་སློབ་གྲྭར་ཁྱབ་གདལ་གཏོང་བའི”སྤྱི་ཕན་སློབ་ཁྲིད་ཀྱི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་དུ་སྤེལ་འགོ་ཚུགས་ཤིང་། ཀྲེན་ཅང་ནས་ཡོང་བའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་སུན་ཧྲི་ཐའེ་ཅི་དྲག་རྩལ་ཚོགས་པས་ལེ་དབར་སྟོང་གིས་ཆོད་པའི་བོད་ཀྱི་སློབ་གྲྭར་ཡོང་སྟེ་དགེ་སློབ་ཚོར་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་ལུས་སྦྱོང་གི་རིན་ཐང་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཉམས་ལེན་ཐུབ་པར་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ས་མཐོའི་སེ་འབྲུ་དམར་པོའི་ཀྲེན་ཅང་ཐའེ་ཅི་དྲག་རྩལ་སློབ་དཔྱོད་རྟེན་གཞིའི་ཆེད་ལས་རྩལ་སློབ་ཚོགས་པས་སློབ་ཆུང་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་རྨང་གཞི་མེད་པར་འཚམ་པའི་སུན་ཧྲི་ཐའེ་ཅི་དྲག་རྩལ་གྱི་གཞི་རྩའི་སྟངས་སྟབས་བསླབས་ཡོད། རྩལ་ཁྲིད་པ་ཚོས་སུན་ཧྲི་ཐའེ་ཅི་དྲག་རྩལ་གྱི་ལོ་རྒྱུས་རིང་མོ་དང་རིག་གནས་ཀྱི་ནང་དོན་གོ་བདེ་ཤེས་སླའི་ངང་གསལ་འགྲེལ་བྱས་པ་དང་། རྨང་གཞིའི་ཁུ་མཚུར་སྣུན་རྩལ་དང་། ལངས་སྟངས། སྟངས་སྟབས་བཅས་ངང་རྒྱུད་རིང་པོས་དཔེ་སྟོན་བྱས་ཏེ་དགེ་སློབ་ཚོའི་སྣེ་ཁྲིད་ནས་གོམ་པ་རིམ་བགྲོད་ཀྱིས་སློབ་སྦྱོང་དང་སྲོལ་རྒྱུན་དྲག་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་དུ་བཅུག་སྟེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དེ་བས་མང་བ་རང་ཡུལ་ནས་ས་གནས་ཁག་ཏུ་བསྐྱོད་དེ་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱིའི་ཁྲོད་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་མི་རིགས་ཁག་གི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།