མངའ་རིས་ས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གཙོ་གནད་ལ་དམིགས་པ། ལས་ཀའི་གཞི་རྟེན་རྒྱུན་མཐུད་གསར་གཏོད་བྱེད་པ། དྲིལ་བསྒྲགས་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་ས་ཁོངས་ཡོངས་སུ་སྤེལ་བ་དང་དོན་འཁྱོལ་ཐུབ་སྟེ་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་ཡོད།
གཡུལ་ས་འཛུགས་སྐྲུན་གྱི་ལས་དོན་སྤེལ་བའི་ཐད། མངའ་རིས་ས་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤུས་རྟགས་མ་ལག་ཞིབ་ཚགས་གཏོད་པ། “གསར་བརྗེའི་ཁྲག་རྒྱུན་མཐའ་མཚམས་ཡུལ་དུ་འཕོས། བློ་སེམས་གཅིག་སྒྲིལ་མངའ་རིས་འཛུགས་སྐྲུན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ཀྱི་སྤུས་རྟགས་གཏོད་པ། རྫོང་ཁོངས་ཀྱི་ཁྱད་ལྡན་སྤུས་རྟགས་ཆུང་ངུ་ཁག་7གཏོད་པ། “1+7”གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་སྤུས་རྟགས་མ་ལག་གཏོད་པ་བཅས་བྱས་ཡོད། 2025ལོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིག་གནས་ཁྱམས་རིང་དང་། དཔེ་སྟོན་ཁྲོམ་གཞུང་། ཐང་ཆེན། སྤྱི་གླིང་བཅས་22བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྐར་ཁུང་དང་དཔེ་སྟོན་ལས་གནས་165བཀོད་སྒྲིག་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།