ལམ་ལུགས་ཀྱིས་རྨང་གཞི་བརྟན་དུ་བཏང་། དམངས་སེམས་གཅིག་ཏུ་སྒྲིལ། ལང་ཚོས་མཐུན་རྐྱེན་སྦྱར།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྣམ་པ་ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བདེ་སྐྱིད་སྡེ་ཁུལ་གྱི་ལས་དོན་པས་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་རོགས་བྱེད་བཞིན་པ།
གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱིས་སྔ་བར་ཕྱི་གསུམ་དུ“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”དམིགས་ཚད་གཏན་འཁེལ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ལམ་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་མཐོ་ས་ནས་སྤྱི་འདོམས་བྱེད་པ་དང་། གཞི་རིམ་གྱི་ལག་ལེན་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ་མ་ཟད། གཞོན་ནུའི་འགན་འཁྲི་འཁུར་སེམས་དང་མིག་དཔེ་ཁྲིད་སྟོན་ལ་བརྟེན་ནས་འབད་འབུངས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་ཡོད།
ལག་ལེན་ཁྲོད་བསམ་གྲུབ་རྩེ་ཆུས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མཐའ་འཁྱོངས་བརྒྱད་དང་དམིགས་པ་བརྒྱད”ཀྱི་ལས་ཀའི་བྱེད་ཐབས་གསར་གཏོད་ངང་བཏོན་ནས་ཁྱབ་གདལ་གཏོང་ཆོག་པའི་དཔེ་མཚོན་ཁག་གཅིག་སྐྱེད་སྲིང་བྱས་ཤིང་། དེའི་ནང་གྲོང་བྱང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱིས་ཏང་ཀྲི་པུའི་སྣེ་ཁྲིད་འོག “2345”ཡི་ལས་ཀའི་བྱེད་ཐབས་གསར་གཏོད་ངང་ལག་ལེན་བསྟར་བ་དང་། མི་རིགས་16བསྒར་བརྒྱན་རྣམ་པའི་འདུས་སྡོད་ཁྱད་ཆོས་སུ་བྱས་པས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པ་ཁག་བཅུ་གཅིག་པར”བདེ་བླག་ངང་བདམས་པ་དང་། 2024ལོར་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་སུ་སླར་ཡང་བདམས་ནས། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། “སྡེ་ཁུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་། ང་ཚོའི་དམིགས་ཚད་ནི་ཚང་མ་སྐྱིད་སྣང་དོད་པ་དང་བློ་བདེའི་ངང་འཚོ་བར་རོལ་ནས་ཁྱིམ་ཚང་གཅིག་ལྟར་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་རྒྱུ་དེ་ཡིན”བདེ་སྐྱིད་སྡེ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་སྡེ་ཁུལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། འགྲོ་འོང་མཉམ་འདྲེས་ཀྱི་ལས་སྟེགས་བསྐྲུན་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་སྡེ་ཁུལ་དུ་ཁྲ་ཆིལ་ལེར་བཞད་པར་བྱས་ཡོད།
བསམ་གྲུབ་རྩེ་ཆུས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཉིན་མོ་དང་ཟླ་བའི”བྱེད་སྒོ་སྤེལ་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བརྒྱུད་མཐུན་སྒྲིལ་གྱི་སྟོབས་ཤུགས་བརྒྱུད་སྤྲོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི“དགུ་སྤེལ”བྱེད་སྒོར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སློབ་གྲྭར་སློབ་ཚན་བཀོད་སྒྲིག་དང་སྡེ་ཁུལ་དུ“མི་རིགས་མཐུན་སྒྲིལ་གྱི་སློབ་ཁང”བཙུགས་ནས་སློབ་གསོ་ཕྱོགས་གང་སར་ཁྱབ་པར་བྱས་པ། “བསམ་གྲུབ་རྩེའི་ཡོངས་བསྒྲགས”APPདང་སྐད་འཕྲིན་སྤྱི་རྟགས་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ལ་བརྟེན་ནས་བཟོས་པའི“བསམ་གྲུབ་རྩེ་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”མུ་འབྲེལ་བརྙན་ཐུང་ལྟ་མཁན་ཐེངས་ཁྲི་50ཟིན་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དྲ་རྒྱར་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ཡོད།
“མང་ཚོགས་ལ་གང་ཞིག་མཁོ་ཚེ་ང་ཚོས་ལས་དོན་སྒྲུབ་ཀྱི་ཡོད”སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ཁྲོད་གྲོང་མིས་རང་འགུལ་ངང་སྒྲིག་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན་ཡོད་ལ། “དམངས་ཀྱི་གནས་ཚུལ་ལྷུག་པོར་གླེང་བའི”ལྷུ་ཚིགས་ཀྱང་ཡོད་པས། ཚང་མས་བློ་བདེ་བག་ཕེབས་ཀྱི་རྣམ་པའི་ཁྲོད་གང་བསམ་ལྷུག་གླེང་ཐུབ་པ་དང་སྡེ་ཁུལ་གྱི་ལས་དོན་པས་ས་གནས་ས་ཐོག་ཏུ་དམངས་འདོད་དང་རེ་ཞུ་ཐོ་འགོད་བྱས་ཏེ“གནད་དོན་གྱི་གསལ་ཐོ”དང“དག་ཐེར་གྱི་གསལ་ཐོ”གསེད་བཀྲོལ་བྱས་ནས་གྲུབ་པ་དང་། རྒན་རྒོན་ནད་ལྟ་བ་དང་། ཕྲུ་གུ་སློབ་གྲྭར་སྐྱོད་པ། ཁྱིམ་མཚེས་དབར་གྱི་འགལ་ཟླ་སོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དམིགས་སའི་རང་བཞིན་ལྡན་པའི་ངང་ཐག་གཅོད་ཐུབ་སྟེ་བྱེད་སྒོ་དེ་བརྩེ་སེམས་བརྒྱུད་སྤྲོད་དང་དམངས་ལ་བྱ་བ་དངོས་སྒྲུབ་པའི་གཞི་རྟེན་དུ་གྱུར་ཡོད།
བསམ་གྲུབ་རྩེ་ཆུས་ཀྱིས“དགུ་སྤེལ”གྱི་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ་དང“སེ་འབྲུའི་རྡོག་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཆ་སྒྲིག་རོགས་སྐྱོར་བྱས་པར། ཁྱིམ་ཚང་ཁྲི་1.5ཆ་བསྒྲིགས་པ་དང་ཁྱིམ་མཚེས་ཕན་ཚུན་རོགས་རེས་དང་མི་རིགས་ཁག་མཉམ་འདྲེས་ཟབ་མོ་ཐུབ་ཡོད། མི་རིགས་ཁག་གི་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། “མཚར་སྡུག་རྣམ་པར་བཀྲ་བའི་བསམ་གྲུབ་རྩེ”ཞེས་པའི་མི་རིགས་རིག་གནས་དུས་ཆེན་སྐབས་ལྷ་མོ་འཁྲབ་སྟོན་དང་། མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཚོང་སོགས་འཁྲུག་ཆ་དོད་པའི་ནང་དོན་གཅིག་སྡུད་བྱས་པར་མི་རིགས་ཁག་གི་མང་ཚོགས་མི་ཐེངས་ཁྲི་5ལྷག་ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། སྡེ་ཁུལ་གྱིས་སྐུལ་འདེད་ཤུགས་ཆེན་བཏང་བའི་མི་རིགས་མཐུན་སྒྲིལ་གྱི་རིམ་སྤེལ་བྱེད་སྒོ་ལོ་རེར་ཆ་སྙོམས་སྤེལ་ཚད་བསམ་གྲུབ་རྩེ་ཆུས་ཀྱི་མདུན་གྲལ་དུ་སླེབས་ནས་མི་རིགས་ཁག་གི་མང་ཚོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྔར་བས་སྐུལ་འདེད་བཏང་ཡོད།
མི་རིགས་མཐུན་སྒྲིལ་གྱི་གཞི་རྩ་ནི་འཕེལ་རྒྱས་ལ་ཐུག་ཡོད་པས། གཞོན་ནུས་འགན་འཁྲི་ཁུར་ནས་གསོན་ཤུགས་གསར་པ་བསྣན་ཡོད། “95ནང་སྐྱེས”ཀྱི་བོད་རིགས་བུ་མོ་ཚེ་རིང་གཡང་ལགས་ཀྱི་ལས་གཏོད་གཏམ་རྒྱུད་ནི་དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་རྗེས། ཁོང་གིས་བློ་ཐག་ཆོད་པོས་རང་ཉིད་ཀྱི་ལས་ཀ་བརྟན་པོ་ཡོད་པ་ནས་དགོངས་ཞུ་བྱས་ཏེ་ས་ཁོངས་དང་རིག་གནས་ཀྱི་ཚད་བཀག་ལས་བརྒལ་ཏེ་སི་ཁྲོན་དུ་ཤ་གསོས་ཀྱི་སྤུས་རྟགས“དབྱངས་མཛེས་མ”བཏོད་དེ། དེང་རབས་ཀྱི་ཚོང་ལས་འདུ་ཤེས་དང་མི་རིགས་རིག་གནས་མཉམ་འདྲེས་གཏིང་ཟབ་བྱས་པ་རེད།
བོད་རིགས་གཞོན་ནུའི་ལས་གཏོད་པ་ཞིག་ཡིན་པའི་ཚེ་རིང་གཡང་ལགས་ཀྱིས་ཐད་གཏོང་ཟོག་ཚོང་ལ་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་འཁོར་རྒྱུག་ཐུབ་པར་བྱས་ཏེ། རྒྱ་བོད་མཉམ་འདྲེས་ཀྱི་ལས་གཏོད་ཁོར་ཡུག་ཁྲོད་གྲུབ་འབྲས་ཐོབ་པའི་ལག་ལེན་དངོས་ལ་བརྟེན་ནས་མི་རིགས་ཁག་གི“ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ”གྱི་ནང་དོན་གཏིང་ཟབ་མངོན་པར་གསལ་འགྲེལ་བྱས་ཡོད། ད་ཆ་ཁོང་ལ་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱི་ལས་ཞུགས་ལས་གཏོད་ཀྱི་སྔོན་ཐོན་མི་སྒེར་དང་ཁྱུག་དབྱིངས་དྲ་ཚོང་གི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་སྤུས་རྟགས་སོགས་ཀྱི་མཚན་སྙན་ཐོབ་ནས། བོད་ལྗོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་གྱི་འགན་ཁུར་ཏེ་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་དབར་གྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་གསོན་ཤུགས་གསར་པ་སྣོན་བཞིན་ཡོད།
བསམ་གྲུབ་རྩེ་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར་20བཏང་ནས་ཞིང་ནང་ཆུ་བེད་དང་གྲོང་གསེབ་ཀྱི་ཨར་འདམ་ལམ་སོགས་རྣམ་གྲངས་ཁག་400ལྷག་ཙམ་ལག་ལེན་བསྟར་བ་དང་། སློབ་གྲྭ་5དང་སྨན་ཁང་3གསར་དུ་བསྐྲུན་ནས་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་ཡོད། དེ་དང་ཆབས་ཅིག་བསམ་གྲུབ་རྩེ་ཆུས་ཀྱིས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ཤུགས་ཆེན་བྱས་ཏེ་ལོ་ལྟར་ལྷ་མོའི་འཁྲབ་སྟོན་དང་སྒོར་གཞས་འགྲན་བསྡུར་ཆེ་མོ་སོགས་རིག་གནས་ཀྱི་བྱེད་སྒོ་ཐེངས་80ལྷག་ཙམ་སྤེལ་བ་དང་། མི་རིགས་ལག་ཤེས་བཟོ་ལས་ཁེ་ལས་32ལ་རོགས་སྐྱོར་ཤུགས་ཆེན་བྱས་པ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བཅས་བྱས་པས་རིག་གནས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཉམ་འགུལ་བཟང་པོ་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།