དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ས་མཐོའི་མུ་ཏིག་ནས་འོད་མདངས་རབ་ཏུ་འཚེར།

    ​—— ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་ལོ་བཅུ་སོང་རིང་རྒྱ་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-03

    ལྷོ་ཁའི་ལོ་ངོ་བཅུ། ཡར་གཙང་དུ་ལེའུ་གསར་བརྩམས།

    གླེང་གཞི།

    2016ལོར་ལྷོ་ཁ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྗེས་ཡར་ཀླུང་གི་ས་གཞི་ཆེན་པོ་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ཡོད།

    བགྲང་བྱ་བཅུ་ནི་བརྗེད་པར་དཀའ་བ་ཞིག་ཡིན་གཤིས། ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ནས་ཡར་ཀླུང་གཙང་པོའི་ངོགས་སུ་ལས་ལ་གཞོལ་ཏེ་དངོས་སྒྲུབ་ལ་བརྟེན་ནས་འཆིང་རྒྱ་ལས་སྒྲོལ་བ་དང་། གསར་གཏོད་ལ་བརྟེན་ནས་མཐུན་རྐྱེན་སྦྱོར་བ། ཐོག་མའི་བསམ་འདུན་ལ་བརྟེན་ནས་དམངས་ལ་ཕན་འདོགས་པ་བཅས་བྱས་ཏེ། ཐོན་ལས་འཕེལ་རྒྱས་གཏོང་བ་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པའི་བར་དང་། ལོ་ངོ་སྟོང་གི་སྟར་ཁའི་དྲི་ཞིམ་མི་ཡལ་བར་བྱེད་པ་ནས་སྤུས་ཚད་གསར་པའི་སྒུལ་ནུས་འཕེལ་བའི་བར། སྐྱེ་ཁམས་བཟང་བའི་རྣམ་པ་གཏོད་པ་ནས་གྲོང་ཁྱེར་དང་གྲོང་གསེབ་ལ་འཕོ་འགྱུར་གསར་པ་གཏོད་པའི་བར། ཡར་ཀླུང་གཙང་པོའི་ས་གཞི་ཆེན་པོའི་ཐོག་གི་ས་མཐོའི་མུ་ཏིག་ནས་དུས་རབས་གསར་པའི་རྒྱང་ལམ་གསར་པར་འོད་མདངས་རབ་ཏུ་འཕྲོ་བཞིན་ཡོད།


    འདི་ནི་འགྲོ་ལམ་གཙང་ཞིང་གྲལ་འགྲིག་པ་དང་སྐྱེ་ཁམས་སྡོད་མལ་ལ་འཚམ་པའི་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་གྱི་ལ་སྒང་གྲོང་ཚོ་ཡིན་པ།

    འདི་ནི་རྒྱ་ཚ་རྫོང་གི་མང་ཚོགས་ཀྱིས་ལོ་ངོ་སྟོང་གི་སྟར་སྡོང་གི་མདུན་དུ་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

    འདི་ནི་ཞིང་པས་རྒྱ་ཚ་རྫོང་གླིང་མདའ་ཤང་དུ་ཆུ་འབྲས་ཚོད་འདེབས་བྱེད་བཞིན་པ།

    འདི་ནི་རྒྱ་ཚ་རྫོང་གི་ལས་དོན་མི་སྣས་དྲ་ཚོང་ཞིང་སྐྱོར་གྱི་ཐད་གཏོང་བྱེད་བཞིན་པ།

    འདི་ནི་རྒྱ་ཚ་རྫོང་ཁོངས་ཀྱི་སྟར་ཁའི་ནགས་ཚལ་ཡིན་པ།

    བགྲང་བྱ་བཅུའི་རིང་ཐོབ་པའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་སྐབས། རྒྱ་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིན་ཐང་ཆེན་པོ་མངོན་ཡོད། 2025ལོར་རྫོང་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་30.14དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28098ཟིན་ནས། 2016ལོའི་ལྡབ་2.6དང་ལྡབ་2.2སོ་སོར་ཟིན་ཡོད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་16.7ཟིན་པ་དང་། 2025ལོར་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་1.1ཟིན་ནས། སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཏེ། དཔལ་འབྱོར་གྱི་གཞི་སྒྲོམ་རྒྱུན་མཐུད་བརྟན་དུ་ཕྱིན་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།

    རྒྱ་ཚ་རྫོང་གིས་འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ངོ་སྟོང་གི་སྟར་ཁའི་ནགས་ཚལ་གྱི་ཁྱད་ལྡན་སྤུས་རྟགས་ལ་བརྟེན་ནས། སྟར་ཁའི་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་མུ་མཐུད་བཏང་བས། རྫོང་ཡོངས་ཀྱི་སྟར་ཁ་འདེབས་ཁྱོན་མུའུ་ཁྲི་4.6དང་། སྡོང་རྐང་ཁྲི་56ལྷག་ཙམ། སྟར་ཁའི་སྡོང་རྒན་3657བཅས་ལ་བརྒྱུད་རིམ་ལྡན་པའི་ཆེད་དོན་སྲུང་སྐྱོང་ཐུབ་ཡོད།

    བགྲང་བྱ་བཅུའི་རིང་། རྒྱ་ཚ་རྫོང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱེ་རྡོ་སྔོག་འདོན་གྱི་ཟང་ཟིང་རྣམ་པ་བཅོས་སྒྲིག་ནན་པོ་བྱས་ནས་ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་སླར་གསོ་བཅོས་སྒྲིག་ལ་སྐུལ་འདེད་བཏང་ཡོད། ཚད་གཞི་མཐོ་བ་དང་སྤུས་ཚད་ལེགས་པའི་ཐོག་ནས་གཙང་འགྲམ་དུ་སྐྱེ་ཁམས་སྔོ་ལྗང་གི་ལམ་བུ་བཏོད་དེ། ལོ་མང་རིང་གི་སྐྱེ་ཁམས་ཀྱི་དཀའ་གནད་མཐིལ་ཕྱིན་པ་བསལ་བས། “སྐྱེ་ཁམས་ལ་གཏོར་སྐྱོན་ཕོག་པ”ནས“གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས་དང་སྐྱེ་ཁམས་ཀྱི་མིང་བྱང”བར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    མདོང་དྲ་སྒྱུར་བཀོད་ནས་ལམ་ངོས་སུ་ཨར་འདམ་འདིང་བའི་བར་དང་། སྔོ་འགྱུར་མཛེས་ལྗོངས་ནས་རིག་ལྡན་སྒྲིག་བཀོད་བར། རྒྱ་ཚ་རྫོང་གིས“ཕར་ཆིན་རྒྱག་པའི་སྙིང་རུས”ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་བསལ་བ་མ་ཟད། སྒྱུར་བཀོད་གནད་སྨིན་དང་སྤུས་ཚད་ལེགས་གཏོང་ལ་བརྟེན་ནས་གྲོང་ཁྱེར་གྱི་ཕྱི་ནང་གཉིས་ཀ་མཛེས་པས་ཕྱུག་པར་བྱས་པས། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ངེས་ཅན་སོང་ཡོད། སྔ་རྗེས་སུ་ལག་ལེན་བསྟར་བའི་རྫོང་མེ་འཁོར་འབབ་ཚུགས་དང་། རྫོང་གྲོང་གི་ས་འོག་ཕྱོགས་བསྡུས་མདོང་ལམ། རྫོང་ལྟེ་བའི་སྨན་ཁང་སོགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཁག་གཅིག་གིས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་འདེགས་སྐྱོར་བརྟན་པོ་བྱས་ཡོད།

    བགྲང་བྱ་བཅུའི་རིང་། རྒྱ་ཚ་རྫོང་གི་སྡོད་ཁང་འགན་སྲུང་དང་ཡུལ་གཞན་དུ་གནས་སྤོས་ལས་གྲྭར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། འགན་སྲུང་སྡོད་ཁང་ཆ་ཚང་1514དང་ཞིང་པའི་སྡོད་ཁང་3177སྒྱུར་བཀོད་བྱས་པ་དང་། དུད་ཚང་581དང་མང་ཚོགས་2000ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་བྱས་པ་དེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་ནས་དམངས་ཡོངས་ལ་ཕན་པ་ཐོབ་ཡོད།

    དམངས་འཚོའི་བྱ་བ་ཡིན་ཕྱིན་ཐམས་ཅད་དོན་ཆེན་ཡིན། བགྲང་བྱ་བཅུའི་རིང་། རྒྱ་ཚ་རྫོང་གིས་དམངས་འཚོའི་བདེ་རྩ་ཨང་དང་པོར་བཞག་ནས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་7.63བཏང་སྟེ། ཁ་ཡོད་ལག་ཡོད་ཀྱི་དམངས་ཕན་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱ་ཆེའི་མང་ཚོགས་ཚོར་མིག་མཐོང་ལག་ཟིན་གྱི་དྲོ་སྐྱིད་སྦྱིན་པ་བརྒྱུད་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཚོར་བར་བྱས་ཡོད།

    མང་ཚོགས་ཚོར་སྦྱིན་པའི་མིག་མཐོང་ལག་ཟིན་གྱི་དྲོ་སྐྱིད་དེ་སློབ་སྦྱོང་སློབ་གསོ་སྤུས་ལེགས་ཐོབ་རྒྱུའི་རེ་སྒུག་ཁྲོད་ནས་མངོན་པ་སྟེ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་28ལ་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་སྤྱོད་འགོ་ཚུགས་ནས་ས་མཐོའི་སློབ་མ་ཚོར་སྤུས་ལེགས་དོ་སྙོམས་ཀྱི་སློབ་གསོའི་ཐོན་ཁུངས་གང་ལེགས་སྤྱོད་ཐུབ་པར་བྱས་པ་དང་། འོས་འགན་སློབ་གསོའི་དུས་མཚམས་བརྟན་དུ་གཏོང་ཚད་100%ཟིན་ནས་སློབ་གྲྭ་འབྲིང་ཆུང་གི་ཡིག་རྒྱུགས་སྦྱངས་འབྲས་མཐོ་རུ་བརྟན་པོ་ཕྱིན་ཡོད།

    དྲོ་སྐྱིད་དེ་ན་དུས་སྨན་བཅོས་ཡག་པོ་ཐུབ་པའི་བདེ་སྲུང་ཁྲོད་ནས་མངོན་པ་སྟེ། བགྲང་བྱ་བཅུའི་རིང་། རྒྱ་ཚ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རྫོང་མི་དམངས་སྨན་ཁང“ཀ་པ་རིམ་པ་གཉིས་པའི”སྨན་ཁང་དུ་རིམ་སྤོར་བདེ་བླག་བྱུང་བ། སྨན་རྩིས་ཁང“ཀ་པ་རིམ་པ་དང་པོའི”མི་རིགས་སྨན་ཁང་དུ་རིམ་སྤོར་བདེ་བླག་བྱུང་བ། ལྟེ་བའི་སྨན་ཁང་གི་རུས་ནད་ཚན་ཁག་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ཚན་གྱི་ཚད་གཞིར་སླེབས་པ་བཅས་རེད། ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་65བསྐྲུན་ནས་གྲོང་ཁྱེར་ཡོངས་སུ་སྔོན་ལ་གྲོང་ཚོའི་འཕྲོད་བསྟེན་ཁང་ནས་སྨན་བཅོས་འགན་བཅོལ་དྲ་སྦྲེལ་རྩིས་རྒྱག་ཐུབ་པ་དང་། རྫོང་ཁོངས་སུ་སྨན་བཅོས་ཐུབ་ཚད་90%ཡན་མཐོ་རུ་ཕྱིན་པ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་རྫོང་ཡང་བསྐྲུན་ཡོད།

    དྲོ་སྐྱིད་དེ་རྒས་དུས་འཚོ་རྟེན་ཡོད་པའི་བརྩེ་སེམས་ཁྲོད་ནས་མངོན་པ་སྟེ། གྲོང་གསེབ་ཀྱི་རྒན་གསོ་འགན་བཅོལ་དང་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་99%དང་95%ཡན་སོ་སོར་ཟིན་པ་དང་། རྫོང་དབང་པོ་སྐྱོན་ཅན་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་2སྤྱོད་འགོ་ཚུགས་ནས་གྲོང་གསེབ་ཀྱི་རྒན་རྒོན་ཚེ་མཇུག་བདེ་བར་རོལ་རྒྱུ་བྱུང་ཡོད།

    དྲོ་སྐྱིད་དེ་ཕྱིར་སྐྱོད་ཤར་གཏོང་ཐུབ་པའི་སྟབས་བདེའི་ཁྲོད་ནས་མངོན་པ་སྟེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་7དང་སྲིད་འཛིན་གྲོང་ཚོ(སྡེ་ཁུལ)74ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་100%ཟིན་པ་དང་། རང་བྱུང་གྲོང་ཚོ་323ལ་ལམ་བུ་ཤར་གཏོང་ཐུབ་ཚད་100%ཟིན་ནས། རང་སྐྱོང་ལྗོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་གཞུང་ལམ”གྱི་དཔེ་སྟོན་རྫོང་ལ་ཚུད་པ་རེད། གྲོང་ཁྱེར་ཡོངས་སུ་སྔོན་ལ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་ཐུབ་པ་དང་། གྲོང་གསེབ་ཀྱི་འགྲུལ་སྐྱེལ་ཁྱོན་ཡོངས་ལ་ཁྱབ་པ། རྒྱལ་ཁབ་རིམ་པའི་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་དང་འགྲུལ་ཟོག་སྦྲག་སྲིད་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་གྲས་སུ་བདེ་བླག་ཚུད་པ། མང་ཚོགས་ཕྱིར་སྐྱོད་དེ་བས་སྟབས་བདེ་བ་དང་ཟོག་འགྲུལ་གྱི་ལས་ཕྱོད་སྔར་བས་ཆེ་རུ་སོང་ཡོད།

    དྲོ་སྐྱིད་དེ་ལས་ཀར་ཐོབ་ཆ་ཡག་པོ་ཡོད་པའི་བློ་བདེའི་ཁྲོད་ནས་མངོན་པ་སྟེ། ངལ་ནུས་ཆེད་དོན་ཚན་ཁག་བཙུགས་ནས་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཞུགས་པ་དང་ཧུའུ་པེའི་དབྱི་ཁྲང་སོགས་སུ་གླ་པར་བསྐྱོད་ཡོད། བགྲང་བྱ་བཅུའི་རིང་། རྒྱ་ཚ་རྫོང་དུ་རིམ་རྩིས་བརྒྱབ་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་4286མང་དུ་ཕྱིན་པ་དང་། སློབ་གྲྭ་ཆེ་མོ་བ་2134ལས་ཞུགས་བརྟན་པོ་དང་ལས་གཏོད་ཐུབ་ཡོད། ལས་རིགས་རྩལ་ནུས་གསོ་སྦྱོང་རེ་རེ་དང་སྒྲིག་འཛུགས་ཡོད་པའི་ངལ་ནུས་གཞན་སྒྱུར་བྱེད་རིམ་བཞིན་ཕྱིར་གླ་པར་བསྐྱོད་ཚད་མི་ཐེངས་ཁྲི་6.4ཟིན་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་9.95ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།