དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ཐུར་ཁེར་འོས་སྦྱོར་ངོ་སྤྲོད་བྱེད་པའི་ཚོགས་འདུ་ཨན་ཁ་རར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-03

    ཟླ་7ཚེས་1ཉིན། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐུར་ཁེའི་རྒྱལ་ས་ཨན་ཁ་རར་འཚོགས་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་པའི་དབང་གྲགས་ལྡན་པའི་བརྩམས་ཆོས་ཤིག་རེད། དེའི་ནང་རྒྱང་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསོན་ཉམས་དོད་པོས་མངོན་པ་དང་། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་འདུ་ཤེས་དང་ཇུས་གཞིར་གསལ་འགྲེལ་གཏིང་ཟབ་བརྒྱབ་ཡོད། ཀྲུང་གོ་དང་ཐུར་ཁེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་མཚམས་སུ་རྒྱལ་ཁབ་གཉིས་པོས་དེང་རབས་ཅན་བརྗོད་དོན་གཙོ་བོར་བྱས་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱས་པ་དེས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུར་ཡག་པོ་བསྐྱོད་རྒྱུ་བཅས་ལ་ཕན་ཐོཌ་ཡོད་པའི་ངོས་འཛིན་བྱས་པ་རེད།

    བྱེད་སྒོའི་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་ཐུར་ཁེ་ཕྱོགས་ཀྱི་སྐུ་མགྲོན་ལ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མ་དང་དེ་བཞིན་དེབ་གཉིས་པའི་ཐུར་ཡིག་དཔར་མའི་དཔེ་དེབ་ཕྱག་རྟགས་སུ་ཕུལ་བ་རེད། ཀྲུང་གོ་དང་ཐུར་ཁེའི་ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་། གཞོན་ནུའི་འཐུས་མི་སོགས་ཀྱིས་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་དང་། ལྗང་མདོག་ཕྱོགས་སྒྱུར། ཤེས་དཔལ་ཐད་ཕན་ཚུན་དཔྱད་གཞིར་འཛིན་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཀྱི་བརྗོད་གཞིར་དམིགས་ནས་བགྲོ་གླེང་དང་གླེང་མོལ་གཏིང་ཟབ་བྱས་པ་རེད།

    ད་རེས་ཀྱི་བྱེད་སྒོ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་ཡིག་ཅུས། ཐུར་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཀྲུང་གོ་དང་ཐུར་ཁེ་རྒྱལ་ཁབ་གཉིས་པོའི་སྐུ་མགྲོན་དང་དེ་བཞིན་དཔེ་སྐྲུན་དང་། རིག་མཛོད། སྨྱན་སྦྱོར་སོགས་ལས་རིགས་ཁག་གི་མི་སྣ་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།