དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཏེ་ལཱ་ཨའེ་སི་ཕུའུ་ལེ་ཡཱ་ཁོ་ལོམ་པི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེ་ལཱ་ཨའེ་སི་ཕུའུ་ལེ་ཡཱར་གློག་འཕྲིན་བཏང་ནས། ཁོང་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཁོ་ལོམ་པི་ཡ་ནི་འཐབ་ཇུས་ཀྱི་རོགས་ཟླ་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་46སོང་རིང་། ཀྲུང་ཁོའི་འབྲེལ་བར་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་བའི་ཚོད་བགམ་འཕྲད་རུང་ཐོག་མཐའ་བར་གསུམ་དུ་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་དེ། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་རྒྱུན་མཐུད་སྲ་བརྟན་བྱུང་བ་དང་། མི་དམངས་ཀྱི་མཛའ་འབྲེལ་མི་སེམས་ལ་ཟུག་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་ལས་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་བཅས་བྱུང་ཡོད། ངས་ཀྲུང་ཁོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། བདམས་ཐོན་བྱུང་བའི་ཙུང་ཐུང་ཏེ་ལཱ་ཨའེ་སི་ཕུའུ་ལེ་ཡཱ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས། ཀྲུང་ཁོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྣེ་ཁྲིད་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

    ཉིན་དེར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་གཞོན་པར་བདམས་ཐོན་བྱུང་བའི་ལེ་སི་ཐེ་ལེ་པོར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།