དབུ་ཤོག>གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2027ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་དུས་ཀྱི་སྔོན་རྒྱུགས་གཏོང་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-07-03

    རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད། ཟླ་7ཚེས་1ཉིན། བོད་རང་སྐྱོང་ལྗོངས་ཀྱི་2027ལོ་འཁོར་གྱི་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་བར་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དབྱར་དུས་ཀྱི་སྔོན་རྒྱུགས་ལྷ་སའི་འབྲས་སྤུངས་དགོན་དུ་གཏོང་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་བཅས་ཡིན་པའི་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ས་ཡུལ་དངོས་སུ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

    སྲོལ་རྒྱུན་གྱི་ཆོས་ལུགས་གོམས་སྲོལ་ལྟར་དབྱར་དུས་ཀྱི་སྔོན་རྒྱུགས་དེ་ཆོས་ལུགས་མཛད་སྒོ་སྤེལ་བ་དང་སྦྲགས་འགོ་ཚུགས་ཤིང་། འབྲས་སྤུངས་སོགས་དགོན་སྡེ་13ནས་ཕེབས་པའི་རྒྱུགས་སྤྲོད་དགེ་འདུན་པ་13གྱིས《ཚད་མ་རྣམ་འགྲེལ》སོགས་གཞུང་ཆེན་བཀའ་པོད་ལྔའི་ནང་དོན་ལ་རྟགས་གསལ་གཏོང་རྒྱུ་མ་ཟད། རིག་གནས་ཤེས་བྱ་དང་སྐབས་དོན་ཆབ་སྲིད་ཀྱི་ཡིག་རྒྱུགས་ལའང་ཞུགས་རྒྱུ་ཡིན་ཞིང་། དཔྱད་བསྡུར་ཨུ་ལྷན་གྱི་ཁོངས་མི་32ཀྱིས་ས་གནས་ས་ཐོག་ཏུ་དཔྱད་བསྡུར་བྱ་རྒྱུ་དང་དགེ་འདུན་པ་705ཡིས་ཟུར་ཉན་ལྟ་སྦྱོང་བྱ་རྒྱུ་རེད། དཔྱད་བསྡུར་ཨུ་ལྷན་གྱིས་ཕྱོགས་བསྡུས་སྦྱངས་འབྲས་ལ་གཞིགས་ནས་2027ལོ་འཁོར་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་སྤྲོད་པའི་དམ་འཇོག་ལ་ཞུགས་པའི་མཐའ་མའི་ཡིག་རྒྱུགས་ཀྱི་ཐོབ་ཐང་དང་སྦྱངས་འབྲས་ཀྱི་ཨང་རིམ་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།

    ད་ཐེངས་ཀྱི་ཡིག་རྒྱུགས་ནང“ཚད་གཞི་བཞི”ལག་བསྟར་ལ་བརྩི་སྲུང་ནན་པོ་ཞུས་ནས་དཔྱད་ཞིབ་དང་མཚན་གནས་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་རིགས་ཁོངས་ཀྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་བོད་ཀྱི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ། སྐྱོན་བྲལ་རྒྱུན་འཛིན་བཅས་ལ་ཤེས་ལྡན་པའི་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།