དབུ་ཤོག
  • མྱུར་སྐྱེལ་ཤོག་སྒམ་ཁྱིམ་ལ་ཡེ་ནས་འཁྱེར་མི་རུང་། གལ་ཏེ་ཁྱེར་ན……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-07-02

    མི་ཕལ་ཆེ་བར་མྱུར་སྐྱེལ་ཤོག་སྒམ་ཁྱིམ་དུ་ཁྱེར་ནས་ཁ་བཤིག་པའམ་ཡང་ན་ཁ་བཤིགས་ཟིན་པའི་ཤོག་སྒམ་སྔོན་ལ་ཟུར་ཞིག་ཏུ་འཇོག་པ་ལས་ལམ་སེང་དབྱུག་གི་མེད་མོད། འོན་ཀྱང་བྱེད་སྟངས་འདི་རིགས་ཀྱིས་བདེ་ཐང་ལ་གནོད་ཀྱི་ཡོད་པ་སུ་ཞིག་གི་བློ་ངོར་འཆར་སྲིད།

    ཧོབ་སྟེ་བལྟས་ན་ཤོག་སྒམ་མང་པོར་སྐྱོན་གང་ཡང་མེད། ཡིན་ནའང་དོན་དམ་པར་དེ་ལས་དྲི་ངན་ཁ་བ་མ་ཟད། ཤོག་སྒམ་ལས་ཁ་བའི་དྲི་མ་ངར་པོ་དེ་ནི་TVOCs(ཡལ་བའི་རང་བཞིན་གྱི་གནོད་ཅན་རྫས་འགྱུར་དངོས་པོ)ཡིན། 

    མ་གཞི་རྣམ་ཀུན་འཚོ་བའི་ནང་TVOCsཐོན་པའི་དངོས་པོ་ཧ་ཅང་མང་མོད། འོན་ཀྱང་རང་བཞིན་དུ་བྱུང་བའི་TVOCsདེ་ཙམ་ཉུང་བས་མིའི་གཟུགས་པོར་གནོད་ཀྱི་མེད། འོན་ཀྱང་མྱུར་སྐྱེལ་ཤོག་སྒམ་ལས་བྱུང་བའི་TVOCsནང་མིའི་ལུས་པོའི་གྲུབ་ཆ་མང་པོ་ཞིག་ལ་གནོད་པའི་རྒྱུ་ཆ་པུན་དང་། ཀ་པུན། ཀ་གཉིས་པུན་སོགས་འདུས་ཡོད། དེས་ན་རྒྱུན་དུ་ཤོག་སྒམ་རེ་གཉིས་ནང་ལ་བཞག་ན་སྐྱོན་དེ་ཙམ་མེད་རུང་མང་པོ་ཕུང་གསོག་བརྒྱབ་ན་TVOCsམང་པོ་ཐོན་ནས་དེ་ལས་བྱུང་བའི་དྲི་ངན་གྱིས་གཟུགས་པོར་གནོད་ཀྱི་ཡོད།

    གལ་ཏེ་བཞའ་ཕོག་ནས་ཧམ་སྤུ་བརྒྱབ་པའི་ཤོག་སྒམ་ཡིན་ཚེ། ད་དུང་ཧམ་སྲིན་TVOCsཐོན་གྱི་ཡོད་པ་དང་། དེའི་ནང་གཟུགས་པོར་གནོད་པའི་གྲུབ་ཆ་མང་པོ་འདུས་ཡོད་པས། དབུགས་རྔུབ་གཏོང་བྱེད་སྐབས་ཐད་ཀར་དབུགས་ལམ་མི་བདེ་བ་ཆགས་ཀྱི་ཡོད། 

    མྱུར་སྐྱེལ་ཤོག་སྒམ་ཁ་ཕྱེ་རྗེས་དོ་སྣང་བྱེད་དགོས་པ་གཤམ་གསལ།

    1.མྱུར་སྐྱེལ་ཤོག་སྒམ་ཡིན་གཅིག་ཕྱི་ལོགས་ནས་ཁ་འབྱེད་པ་ལས་ནང་དུ་འཁྱེར་རྒྱུ་མེད།

    2.གལ་ཏེ་ཁང་པའི་ནང་ཁ་ཕྱེ་དགོས་ཚེ། སྒོ་འགྲམ་ནས་ཁ་འབྱེད་པ་ལས་འབོལ་ཁྲི་དང་། ཅོག་ཙེ། ཉལ་ཁྲིའི་སྟེང་དུ་འཁྱེར་མི་རུང་།

    3.ཤོག་སྒམ་ཁ་བཤིགས་ཚར་རྗེས་ཡིན་གཅིག་ལག་པ་བཀྲུ་དགོས། 

    4.གལ་ཏེ་མྱུར་སྐྱེལ་ཤོག་སྒམ་ཡིན་གཅིག་ཁང་པའི་ནང་འཇོག་དགོས་ཚེ། ཁང་པའི་ནང་རླུང་འགྲོ་ཡག་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།