དབུ་ཤོག
  • ཝང་ཅུན་ཀྲེང་གིས་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་ཚའོ་ཧྲུའུ་མིན་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-02

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཡིན་པའི་ཚའོ་ཧྲུའུ་མིན་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ཡིན་པའི་ཚའོ་ཧྲུའུ་མིན་བཅས་པ་དང་བཞུགས་མོལ་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཚའོ་ཧྲུའུ་མིན་དང་བཅས་པར་དགའ་བསུ་ཞུས་པ་དང་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་བྱ་གཞག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བས། ཏང་གི་གསུང་སྒྲ་གངས་ལྗོངས་ས་མཐོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་སེམས་ཁུར་བྱེད་པ་དང་། བོད་ཀྱི་རླུང་འཕྲིན་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་རྒྱུར་རྒྱབ་སྐྱོར་བྱེད་པ། རྒྱུན་རྣམ་ཅན་གྱི་ཤེས་ལྡན་པ་གསོ་སྐྱོང་དང་སྤེལ་རེས་བྱེད་པ། བོད་ཀྱི་སྤྱོད་མཁན་གྱི་དགོས་མཁོ་དང་སྦྲེལ་མཐུད་གནད་སྨིན་བཅས་བྱས་ནས་བོད་ཀྱི་མི་དམངས་ལ་ཐོན་རྫས་ཡག་པོ་དང་ཞབས་ཞུ་ཡག་པོ་དེ་བས་མང་བ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་བོད་ཀྱིས་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་གཏོད་རྒྱུར་རམ་འདེགས་བྱས་ཐོག རྒྱལ་སྤྱིའི་ལྟ་མཁན་དང་ཉན་མཁན་ཚོར་གོ་བདེ་བའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་མངོན་སུམ་འཁྲུལ་མེད་དང་གསོན་ཉམས་དོད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ཡག་པོ་ཐུབ་པ་དང་བོད་འདི་ཉིད་འཛམ་གླིང་ཐོག་དེ་བས་མགྱོགས་པོ་སྐྱོད་ཐུབ་རྒྱུའི་རེ་བ་ཡོད།

    ཚའོ་ཧྲུའུ་མིན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་གསུངས་དོན། བོད་ཀྱི་རིག་གནས་ཀྱི་ནང་དོན་ཟབ་པ་དང་། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ། འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཅས་ཡོད། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། བོད་ཀྱི་རང་བྱུང་དང་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་ལྟ་ཉན་ནུས་པ་འདོན་པ་བཅས་བྱས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རབ་དང་རིམ་པ་དྲིལ་བསྒྲགས་དང་། གཙོ་རྒྱུན་སྨྱན་སྦྱོར་ལ་མ་ལག་རང་བཞིན་གྱི་འཕོ་འགྱུར། རླུང་འཕྲིན་བརྙན་འཕྲིན་གྱི་ཞབས་ཞུ་དང་ཉམས་ལེན་གྱི“མཐོར་གཏོང་གཉིས” རྒྱལ་སྤྱིའི་བརྒྱུད་སྤེལ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་གཏམ་རྒྱུད་སྔར་བས་ཡག་པོ་བརྗོད་པ་དང་། བོད་ཀྱི་སྐད་སྒྲ་བརྒྱུད་བསྒྲགས་སྔར་བས་ཡག་པོ་བྱེད་པ། བོད་ཀྱི་གཟུགས་བརྙན་སྔར་བས་ཡག་པོ་སྟོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།