དབུ་ཤོག
  • རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-02

    ཚེས་30ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་ཚོགས་འདུ་འཚོགས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུས་པ་མ་ཟད། པུའི་ལས་ཁུངས་ཀྱི་2025ལོ་འཁོར་གྱི“སྟོབས་ཆེན་བཞིའི”ཏང་ཀྲི་པུའུ་དང“ཡག་པོ་བཞིའི”ཏང་ཡོན་ལ་གཟེངས་བསྟོད་ཀྱང་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་ཏང་གི་ཆེད་དོན་སློབ་ཚན་འཁྲིད་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། རྩ་འཛུགས་སྡེ་ཚན་གྱིས་ད་ལྟ་སྤེལ་བཞིན་པའི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པར་དེའི་ཚན་རིག་དང་མཐུན་པའི་མ་ལག་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། ཏང་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱ་ཐབས་དེ་བས་ཏན་ཏིག་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ་བྱེད་པ་དང་། དངོས་བཤེར་ལེགས་བཅོས་མཐའ་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་ཁྲིད་ནན་པོར་སྣང་ཆེན་བྱེད་པ། སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱས་ནས་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ཆེད་བདེ་རྩ་སྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེ་གོ་སྐབས་སུ་བཟུང་ནས་ལས་བྱེད་པའི་ལས་དོན་གྱི“མ་ལག་ཆེན་པོ་ལྔ”འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ཏེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་སེམས་གཅིག་སྒྲིལ་དང་སེམས་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།