དབུ་ཤོག
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-02

    ཟླ་6ཚེས་29ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོའི་གཅིག་སྡུད་བཅོས་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས། གཅིག་སྡུད་བཅོས་སྒྲིག་གི་གནད་དོན་རང་བཤེར་རང་བཅོས་ལས་དོན་གྱི་འཕེལ་རིམ་བཀོད་གཏོང་གནང་བ་མ་ཟད། དུས་མཚམས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་གྱོད་གཞི་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་དོན་ལས་རྗེས་ལྟ་བ་ཡོ་ཁྱད་དང་ནོར་འཛོལ་གྱི་མཚོན་ཚུལ་དང་གནོད་འཚེ་ཚབས་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བྱ་སྤྱོད་ཀྱི་ཡོ་ཁྱད་རང་རྟོགས་ངང་འཚོལ་བཤེར་དང་དུས་དང་རྣམ་པ་ཀུན་ཏུ་དག་བཅོས་བྱེད་པ། དོན་དངོས་ནས་འགོ་འཛུགས་པ་དང་ཆོས་ཉིད་གཞིར་བཟུང་ལས་དོན་སྒྲུབ་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པ་དང་། དམངས་གཙོའི་ཐབས་ཇུས་འགོད་པ། ཁྲིམས་ལྟར་ཐབས་ཇུས་འགོད་པ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་པའི་ལས་རྗེས་དངོས་གཏོད་དགོས། དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། འཆར་གཞི་མཐའ་གཅིག་ཏུ་འགོད་པ་བཅས་བྱས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བར་བརྟེན་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།