2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།
ཚེས་30ཉིན། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་གྲ་སྒྲིག་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། འགྲན་བསྡུར་སྒྲིག་འཛུགས་ལ་དམ་འཛིན་ཡག་པོ་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་འགྲན་བསྡུར་སྒྲིག་འཛུགས་ཀྱི་བྱ་ཐབས་བཟང་པོར་སློབ་སྦྱོང་ནན་ཏན་བྱེད་པ་དང་སྐབས་རིམ་བྱུང་གི་འགྲན་བསྡུར་གཉེར་བའི་ཉམས་མྱོང་ཡག་པོ་སྔར་བས་ཕྱོགས་སྡོམ་དང་བེད་སྤྱོད་གཏོང་དགོས། མཛད་སྒོའི་ལྷུ་ཚིགས་ལ་དམ་འཛིན་ཡག་པོ་བྱས་ཏེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ཀྲུང་གོའི་གདེང་ཚོད་མངོན་པར་བྱས་ནས། ཐོག་མཐའ་བར་གསུམ་དུ་སྟབས་བསྡུས་དང་། བདེ་འཇགས། ལྟད་མོ་ཆེ་བ་བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་མཐའ་འཁྱོངས་བྱེད་དགོས། དྲིལ་བསྒྲགས་གནས་ཚུལ་གཏོང་སྤེལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ལྗོངས་ཕྱི་ནང་གི་རིགས་ཁག་གི་ཐོན་ཁུངས་སྐུལ་སློང་བྱས་ནས། འགྲན་བསྡུར་བརྒྱུད་བསྒྲགས་བྱེད་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནས་ཚུལ་ཞིབ་ཕྲའི་ལྟ་སྡོམ་ལ་དམ་འཛིན་ཡག་པོ་བྱས་ཏེ། འགྲན་བསྡུར་གྲ་སྒྲིག་གི་གཙོ་རྒྱུ་ཁག་རེ་རེ་བཞིན་གསེད་དཀྲོལ་བྱས་ནས། སྐབས་འདིའི་འགྲན་བསྡུར་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།