ཞུས་ཀྲི་ཝུན་གྱིས་བོད་སྡོད་ཀྲུང་དབྱང་གསར་འགྱུར་ཚན་པར་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཞུས་ཀྲི་ཝུན་གྱིས་བོད་སྡོད་ཀྲུང་དབྱང་གསར་འགྱུར་ཚན་པར་བརྟག་ཞིབ་གནང་སྟེ། འཐབ་ས་དང་པོའི་གསར་འགྱུར་ལས་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ་དང་། སྨྱན་སྦྱོར་ཁག་གི་འགན་འཁུར་བ་དང་བཞུགས་མོལ་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཞུས་ཀྲི་ཝུན་གྱིས་དང་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་བོད་སྡོད་ཀྲུང་དབྱང་གསར་འགྱུར་ཚན་པ་ཁག་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས། ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། རིན་ཐང་གི་ལྟ་བའི་འཛིན་ཕྱོགས་བཅས་བརྟན་དུ་གཏོང་བ་དང་། བོད་དང་འབྲེལ་བ་ཡོད་པའི་གླེང་ཕྱོགས་ཀྱི་འཐབ་ས་གཙོ་བོ་ཡག་པོ་སྲུང་བ། ཆབ་སྲིད་ཀྱི་ཚད་གཞི་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་པ། དྲིལ་བསྒྲགས་ལས་དོན་གྱི་སྒྲིག་ཁྲིམས་ནན་པོ་སྲུང་བ། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ། བསམ་བློའི་གཙོ་རྒྱུན་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་དམ་པོར་དམིགས་པ། དུས་རབས་གསར་པའི་བོད་དྲིལ་བསྒྲགས་ཀྱི་དྲང་ཕྱོགས་ཀྱི་གསུང་སྒྲ་ཆེ་རུ་གཏོང་བ། མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་། རྣམ་གྲངས་ཀྱི་འཐབ་ས་དང་པོ། གྲོང་གསེབ་ཀྱི་འཐབ་ས་དང་པོ། སྐྱེ་ཁམས་ཀྱི་འཐབ་ས་དང་པོ་བཅས་སུ་བསྐྱོད་དེ་གཞི་རིམ་གྱི་རྣམ་པ་དང་མང་ཚོགས་ཀྱི་འགྱུར་ལྡོག་དངོས་ལ་བརྟེན་ནས་བོད་ཀྱི་བྱ་གཞག་ཁག་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་གསོན་ཉམས་དོད་པོས་མངོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།