གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་བཏང་བ།
ཐོན་ལས་དར་རྒྱས།

↑ ཧྥུའུ་ཅན་ཞིང་ཆེན་ནན་ཨན་གྲོང་ཁྱེར་ཧུང་ལའེ་གྲོང་རྡལ་ཤིས་ཞ་གྲོང་ཚོའི་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲན་སྙོལ་བཟོ་གྲྭར་བསྐྱོད་དེ་སྲོལ་རྒྱུན་གྱི་སྲན་མ་སྐམ་བཟོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་སྐྱེད་ལས་རིམ་ཉམས་ལེན་དང་ཤེས་རྟོགས་བྱས་ནས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་རོགས་བྱས་པ།

↑ ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་གྲོང་ཁྱེར་ཁོར་ཆིན་ཙོའུ་དབྱི་ཧའོ་ཆི་སན་ཏུའུ་སུའུ་མུའུ་ཡི་ཏང་ཡོན་ལས་བྱེད་པས་དྲ་ཚོང་གི་ཐབས་ལམ་བརྒྱུད་སན་ཏུའུ་ཡི་འབྲས་དང་། སྤུས་ལེགས་འབྲུ་རིགས། ཆུ་མཛོད་ཉ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་ཏེ་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

↑ ཨན་ཧུའེ་ཞིང་ཆེན་ཨན་ཆིང་གྲོང་ཁྱེར་གཡོད་ཤིས་རྫོང་ཝུན་ཆོན་གྲོང་རྡལ་ལུང་ཅིང་གྲོང་ཚོས་ཏང་འཛུགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རིག་ལྡན་ཞིང་ལས་དྲོད་ཁང་ཆེ་མོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ལས་འཕེལ་རྒྱས་དང་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་བཏང་བ།
རྩ་འཛུགས་དར་རྒྱས།

↑ ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་ལིང་ཁྲེང་ཆུས་པེན་ལིན་གྲོང་རྡལ་ཤིས་ཡུས་ཅ་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་གྲོང་ཚོའི་ལས་བྱེད་པས་མང་ཚོགས་ལ་ལས་སྒྲུབ་བརྒྱུད་རིམ་འགྲེལ་བཤད་རྒྱག་བཞིན་པ།

↑ ཧོ་ནན་ཞིང་ཆེན་གྱིས་སྤྱི་ཚོགས་ལ་ཕྱོགས་ནས་གྲོང་གསེབ་དར་རྒྱས་ཀྱི་གྲོང་ཚོ་རིམ་པའི་ལས་རོགས་པ་ཡོངས་བསྒྲགས་ངང་བསྡུ་སྤྱོད་བྱས་ཏེ་གྲོང་ཚོ་ཨུ་ལྷན་གཉིས་ལ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱས་ཤིང་། འདི་ནི་ཐའེ་ཁང་རྫོང་ལའོ་ཀྲུང་གྲོང་རྡལ་ལིའུ་ཀྲའེ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་དང་ལས་རོགས་པས(གཡས་ཀྱི་དང་པོ)མཉམ་དུ་གྲོ་བསྡུའི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་པ།

↑ སི་ཁྲོན་ཞིང་ཆེན་ཏ་ཀྲོའུ་གྲོང་ཁྱེར་གྱི་ལས་ཁུངས་ཚན་པ་ཁག་གིས་གཞོན་ནུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོར་ཚོགས་པའི་དང་བླངས་ཞབས་ཞུའི་ཡན་ལག་རུ་ཆུང་བཙུགས་ནས་གྲོང་གསེབ་དར་རྒྱས་རོགས་སྐྱོར་འབྲེལ་གཏུག་གྲོང་ཚོར་བསྐྱོད་དེ་རྨོ་འདེབས་ཞབས་འདེགས་ཞུས་ཤིང་། འདི་ནི་ཏ་ཀྲོའུ་གྲོང་ཁྱེར་ཆུས་རྫོང་པའོ་ཨན་ཤང་གི་ཏང་ཡོན་དང་བླངས་པས་ཞིང་དུད་ལ་ཆུ་འབྲས་ཀྱི་མྱུ་གུ་དབོར་རོགས་བྱེད་བཞིན་པ།
རིག་གནས་དར་རྒྱས།

↑ ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཆུས་པེར་ལིན་གྲོང་རྡལ་ཝན་ཨར་ཤ་གྲོང་ཚོས་རིག་གནས་བསམ་བཀོད་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་ལ་རམ་འདེགས་བྱས་ཤིང་། འདི་ནི་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་བཟོ་བོ་དང་ལུང་ནན་གྲོང་ཁྱེར་གྱི་སྐབས་དང་པོའི་གྲོང་གསེབ་ཀྱི་ཤེས་ལྡན་པ་ཐེན་ཀང(གཡོན)གིས་རིག་གནས་བསམ་བཀོད་ཁང་དུ་འཇིམ་བརྙན་རིག་གནས་ཀྱི་བསམ་བཀོད་ཐོན་རྫས་བཟོ་བཞིན་པ།

↑ “བ་སྤུའི་མེ་ཏོག་བཞད། སྒོ་འགྲམ་དུ་ལྟད་མོ་ལྟ”ཞེས་པའི་2026ལོའི་སི་ཀྲོའུ་ཟློས་གར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་ཕན་འགྲེམས་འཁྲབ་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་མེ་ཧྭ་གྲོང་རྡལ་ཚུང་ཀྲོང་གྲོང་ཚོའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་གཉེར་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ།

↑ ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཡན་ཧྲན་རྫོང་པན་ཨུའུ་གྲོང་རྡལ་ཀའོ་ལུང་ཐན་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་འཁྲུག་ཆ་དོད་ཅིང་ངོ་མཚར་ཆེ་བའི་ལྟད་མོ་ཆེ་བའི་དམངས་སྲོལ་འཁྲབ་སྟོན་རེས་མོས་ངང་འཁྲབ་པ་མ་ཟད། གྲོང་མིར་རིག་གནས་ཐོན་རྫས་ཀྱང་སྤྲད་པ།
ཤེས་ལྡན་པ་དར་རྒྱས།

↑ ཧུའུ་པེ་ཞིང་ཆེན་ཧོང་ཀང་གྲོང་ཁྱེར་དབྱིན་ཧྲན་རྫོང་གིས་ཚན་རྩལ་དང་། ནགས་ལས། ཞིང་ལས་སོགས་སྡེ་ཚན་གྱི་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ལག་རྩལ་མཛུབ་ཁྲིད་དང་སྲིད་ཇུས་སྒྲོག་འགྲེལ་སོགས་དམངས་ཕན་ཞབས་འདེགས་ཞུས་ཤིང་། འདི་ནི་ཧྥང་ཅ་ཙུའེ་ཤང་ཝང་ཐེན་ཕན་གྲོང་ཚོ་དང་དབྱིན་ཧྲན་རྫོང་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ཀྱི་ཏང་ཡོན་དང་བླངས་པས(གཡོན་གྱི་དང་པོ)གྲོང་མིར་སྡོང་ཕྲུག་འདེབས་གསོ་བྱེད་སྟངས་སློབ་བཞིན་པ།

↑ ཉེ་བའི་ལོ་ཤས་རིང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཝུའུ་སུའུ་གྲོང་ཁྱེར་གྱིས་གདམ་གསེས་སྐོང་འཐེན་སློབ་མ་གྲོང་ཚོར་ལས་འགན་འཁུར་བར་བསྐྱོད་པའི་ལས་དོན་ཡག་པོ་བསྒྲུབས་ནས་གདམ་གསེས་སྐོང་འཐེན་སློབ་མ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཤིང་། འདི་ནི་གྲོང་ཚོར་ལས་འགན་འཁུར་བར་ཡོང་མཁན་གདམ་གསེས་སྐོང་འཐེན་སློབ་མ་ཐའོ་ཧྥེང(དཀྱིལ)གིས་ཝུའུ་སུའུ་གྲོང་ཁྱེར་པཱ་ཧྲི་སི་ཧུའུ་ཤང་པ་ཧའེ་གྲོང་ཚོའི་མ་རྨོས་ལོ་ཏོག་གི་མྱུ་གུ་སྐྱེ་ཚུལ་དང་ཕྱིར་ཚོང་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
སྐྱེ་ཁམས་དར་རྒྱས།

↑ ཀུའེ་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ཏ་ཧྥང་རྫོང་ཧྲི་ཤང་གནའ་བོའི་གྲོང་རྡལ་གྱི་གནའ་བོའི་དབྱིས་རིགས་སྐས་ཞིང་ནི་དེ་སྔ་ཁ་སི་ཐེའི་ས་དབྱིབས་ཀྱི་དཔེ་མཚོན་ཆུ་འཁྱིལ་གཤོང་ས་ཞིག་ཡིན་པ་དང་། ས་གནས་དེ་གས་རང་བྱུང་ས་དབྱིབས་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་12ཙམ་ལ་སྒྱུར་བཀོད་བྱས་ནས་སྐས་ཞིང་མཛེས་ལྗོངས་ཤིག་ཏུ་བསྐྲུན་ནས་སྐྱེ་ཁམས་སླར་གསོ་དང་རིག་གནས་ཡུལ་སྐོར་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། འདི་ནི་ཧྲི་ཤང་གནའ་བོའི་གྲོང་རྡལ་གྱི་སྐས་ཞིང་གི་ཡུལ་ལྗོངས་ཡིན་པ།

↑ ཀྲེ་ཅང་ཞིང་ཆེན་ཁྲང་ཤིན་རྫོང་ཞའོ་ཕུའུ་གྲོང་རྡལ་གྱིས་ཁམ་བུའི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་གསེབ་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པ་དང་། གྲོང་རྡལ་དེའི་ལེ་དབར་བཅུ་ཡི་སར་ཁམ་བུ་དཀར་པོ་སྡོང་རྐང་ཁྲི་ཁ་ཤས་ལ་མེ་ཏོག་བཞད་པས་གྲོང་མིའི་སྡོད་ཁང་དང་། ཆུ་ལམ། སྔོ་ལྗང་རི་བོ། གཞུང་ལམ་བཅས་ཕན་ཚུན་མཛེས་རྒྱན་དུ་གྱུར་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཤིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།