དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས།

    མང་ཚོགས་ལ་བྱ་བཟང་མང་ཙམ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2026-07-02

    ཟླ་6ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཏེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས“ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དེ་མཐར་གཏུགས་ནས་བརྗོད་ན་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་རེད”ཅེས་བསྟན་གནང་ཡོད།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་འགོད་པ། དམ་པ་དོན་གཉེར”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་ལག་ལེན་ཏན་ཏིག་བསྟར་བ་དང་མང་ཚོགས་ལ་བྱ་བཟང་མང་ཙམ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱས་ནས། མི་སེར་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ཡོད།

    ཏེ་ཀྲོའུ་གྲོང་ཁྱེར་ལིང་ཁྲེང་ཆུས་ཨུད་ཀྱིས་སྒོ་དབྱེའི་སློབ་གསོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོན་ཁུངས་དང་ཞབས་ཞུ་གྲོང་ཚོ་རིམ་པའི་འཐབ་ས་མདུན་མར་སྤེལ་བ་དང་། ལས་བྱེད་པ་གཤམ་དུ་སྐྱོད་དེ་ལས་དོན་ཏན་ཏིག་བསྒྲུབས་ནས“བྱ་དངོས་ཆུང་ཙག་ལས། བདེ་སྐྱིད་ཆེན་པོ་ཐོབ་པར་བྱེད་པའི”སྤུས་རྟགས་བཏོད་ཡོད། གྲོང་ཚོ་ཨུ་ལྷན་གྱིས་བེད་མེད་ས་སྟོང་སྤྱད་ནས་བུ་བཅོལ་ཁང་བརྒྱབ་སྟེ“གྲོང་པ་ཁྱིམ་མཚེས་དབར་གྲལ་སྒོར་གྲོས་ཚོགས”འཚོགས་ནས་གྲོང་མིའི་རྩོད་གཞི་འདུམ་འགྲིག་བྱས་པ་དང་། གྲོང་ཚོའི་ས་སྟོང་དུ་གཅེས་སེམས་གོས་འཁྲུད་ཁང་བཙུགས་པ་སོགས་རྣམ་གྲངས་ཀྱི་གསལ་ཐོ་རིམ་བཞིན་གྲོང་མིའི་བདེ་སྐྱིད་ཀྱི་རྩིས་ཐོར་འགྱུར་ཡོད།

    སི་ཁྲོན་ཞིང་ཆེན་ཀོང་ཡོན་གྲོང་ཁྱེར་ཆིང་ཁྲོན་རྫོང་ཨུད་ཀྱིས་ལེབ་བཤེར་རྣམ་པའི་ཐོག་ནས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ལ་གྲལ་བཤེར་བྱས་པ་དེ་གྲལ་བཤེར་བྱེད་དགོས་པའི་དམངས་འཚོའི་རྣམ་གྲངས་ཡོངས་ལ་ཁྱབ་ནས་མངོན་གསལ་དོད་པའི་གནད་དོན་སྣ་ཚོགས་གནད་སྨིན་གཏན་འཁེལ་བྱས་ཡོད། རྨང་གཞི་དེའི་ཐོག་དག་ཐེར་བཅོས་སྒྲིག་ཏན་ཏིག་གིས“གཞི་རིམ་ནས་གནད་དོན་ཤེས་རྟོགས་དང་། རིམ་དབྱེ་རིགས་དབྱེའི་སྒོ་ནས་གནད་དོན་ཐག་གཅོད། དུས་ཐོག་ཏུ་རེ་ཞུར་ལན་སློག་པ”བཅས་ཀྱི་ལས་ཀའི་བྱེད་ཐབས་ཁྱབ་སྤེལ་བཏང་སྟེ། དག་ཐེར་བྱེད་ཐབས་སྣ་ཚོགས་དབྱེ་ཞིབ་ཞིབ་ཕྲ་བྱེད་པ་དང་དག་ཐེར་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཡོད།

    ཨན་ཧུའེ་ཞིང་ཆེན་ཁྲུའུ་ཀྲོའུ་གྲོང་ཨུད་ཀྱི་འགན་འཁུར་བློ་མཐུན་གྱིས“གཞི་རིམ་དུ་སྐྱོད་པ་བཞི”ལག་ལེན་བསྟར་ཏེ་ཁེ་ལས་ཀྱི་འགན་འཁུར་བ་དང་བཞུགས་མོལ་བྱས་པ་དང་། བསམ་འཆར་དང་གྲོས་འགོ་བསྡུ་ལེན། ས་གནས་ས་ཐོག་ཏུ་བསྒྲུབ་རྒྱུར་རྩིས་སྤྲོད་པ། གནད་དོན་རྗེས་སྙེག་ཐག་གཅོད་བཅས་བྱས་ཡོད། གྲོང་ཁྱེར་དང་རྫོང་གིས་ཁེ་ལས་ལ་འཚམས་འདྲིར་སྐྱོད་པ་དང་གྲོང་ཚོར་སྐྱོད་པའི་བྱེད་སྒོ་མཉམ་དུ་སྤེལ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཕྱིར་ཕྱོགས་ཁེ་ལས་དང་། ཚན་རྩལ་རྣམ་པའི་ཁེ་ལས། གཙོ་གནད་ཞིང་ལས་བྱེད་པོ་གསར་པ་དང་གཉེར་སྐྱོང་ཞིང་དུད་ཁག་གཅིག་ཁེ་ལས་ལ་འཚམས་འདྲི་དང་གྲོང་ཚོར་སྐྱོད་པའི་ཁྱབ་ཁོངས་སུ་བཅུག་སྟེ། “རེའུ་མིག་གཅིག་དང་གསལ་ཐོ་གཅིག”བཟོས་པ་དང་། རིམ་དབྱེ་རིགས་དབྱེའི་ཞབས་ཞུའི་ཟུར་བཙུགས་རྩིས་ཁྲ་བཟོས་པ། འཕེལ་རྒྱས་ཀྱི་འགག་གནད་བསལ་བ་བཅས་བྱས་ཏེ། དངོས་སྒྲུབ་ལ་བརྟེན་ནས་ཁེ་ལས་ལ་ཕན་འདོགས་པའི་བྱེད་ཐབས་སྤྱད་པ་བརྒྱུད་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཡོད།

    སློབ་སྦྱོང་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་ལེའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཁྱེར་ཕུའུ་ལན་ཏེན་ཆུས་ཀྱིས“སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་གཞན་གྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པ་དང་ས་ཁོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱེད་པའི”འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། སྡེ་ཁུལ་ཁག་དང་གྲོང་ཚོ་ཁག་གི་ཏང་རྩ་འཛུགས་དམ་འཛིན་བྱ་གཞིར་བྱས་ནས། གྲོང་ཚོ་སྟོབས་ཆེན་གྱིས་སྐུལ་ཁྲིད་བྱེད་པ་དང་གྲོང་ཚོ་མང་པོས་ཚོགས་པ་བཙུགས་ནས་འཕེལ་རྒྱས་གཏོང་བ་སོགས་ཀྱི་རྣམ་པ་སྤྱད་དེ“མཉམ་ཕྱུག་མཉམ་འབྲེལ་སྒྲིག་གཞི”39བཙུགས་པ་དེ་བཟའ་བྱའི་ཤ་མོ་འདེབས་གསོ་དང་། གྱོན་ཆས་ལས་སྣོན། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་མང་པོར་ཁྱབ་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    རི་ཐང་མང་ལ་རྨོ་ཞིང་ཉུང་བ་དང་ལྷོ་བྱང་ས་ཁུལ་གྱི་འཕེལ་རྒྱས་ཆ་རྐྱེན་གྱི་ཧེ་བག་མངོན་གསལ་དོད་པ་དེ་དག་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཝུའུ་དབྱི་རྫོང་ལ་འཕྲད་པའི་འཕེལ་རྒྱས་ཀྱི་དཀའ་གནད་དེ་རེད།

    དེས་ན་ཝུའུ་དབྱི་རྫོང་གིས་རི་ཁུལ་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་རྒྱུ་དེ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་དང་ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཚད་བརྒལ་སར་བརྩིས་ནས། ཡུལ་བབ་དང་བསྟུན་ཏེ་ས་གནས་དེ་གར་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད། གཞི་རྩའི་ཞབས་ཞུ་མཁོ་འདོན་བྱེད་ཚད་མི་འདང་བའི་གནད་དོན་ཐག་གཅོད་བྱ་ཆེད། ཏང་འཛུགས་སྐྱོང་དང་མཉམ་སྐྲུན་བྱ་རྒྱུ་འབྲེལ་ཐག་ཏུ་བྱས་ནས“དམངས་འཚོའི་རླངས་འཁོར་ཆེན་པོའི”འཁོར་རྒྱུག་ཞབས་ཞུའི་ལམ་སྲོལ་བཏོན་ཏེ། སྲིད་དོན་སྒྲུབ་པ་དང་། འོས་འགན་སྨན་བཅོས། དམངས་ཕན་འཚོ་བ་སོགས་ཀྱི་དོན་དག་གཞི་རིམ་དུ་བསྒྲུབ་པ་དང་སྒོ་རྩར་ཞབས་འདེགས་ཞུས་ཡོད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན། ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་གྲོང་ཁྱེར་གྱིས་ཞིང་འབྲོག་དུད་ཚང་གི་སྒོ་འགྲམ་དུ་ཞབས་འདེགས་ཞུ་རྒྱུར་མཐོང་ཆེན་བྱས་ཡོད། གྲོང་གསེབ་དང་འབྲོག་ཁུལ་གྱི་ས་རྒྱ་ཆེ་བ་དང་། མང་ཚོགས་སྡོད་ས་ཁ་ཐོར། གཞི་རིམ་བཅོས་སྐྱོང་གི་དོན་དག་མང་བ་བཅས་ཀྱི་གནས་ཚུལ་དངོས་ལ་དམིགས་ནས། “དྲ་མང་གཅིག་སྒྲིལ་དང་། དྲ་གཅིག་མང་སྤྱོད”ཁྱབ་གདལ་བཏང་སྟེ་ཀ་ཁྲ་གྲོང་ཚོའི་དུད་ཚང(སྡེ་ཁུལ)2103དྲ་མིག་ཁྲི་1.03ལ་དབྱེ་བ་དང་། དྲ་མིག་པས་རྒྱུན་རྣམ་ཅན་གྱི་སྒོ་ནས་དུད་ཚང་དུ་འཚམས་འདྲིར་སྐྱོད་དེ་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གནས་ཚུལ་ཕྱོགས་ཡོངས་ནས་གསལ་རྟོགས་དང་། ཞབས་ཞུ་དོ་དམ་གྱི་རྩིས་ཁྲ་བཟོ་བ།“ཚེག་ནས་ཚེག”གི་འབྲེལ་གཏུག་ཞབས་ཞུ་བ་ཁ་གསལ་བཟོས་ཏེ་མང་ཚོགས་ཀྱི་དགོས་མཁོ་ཐག་གཅོད་བྱས་ཡོད།

    ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་ཤིའུ་ཧྲུའེ་རྫོང་གིས་མང་ཚོགས་བློ་ཡིད་ཚིམ་མིན་དེ་སློབ་སྦྱོང་སློབ་གསོའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་པ། རིམ་ཁག་ཏང་ཡོན་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་པར་སྐུལ་འདེད་བཏང་ནས་དམངས་འཚོའི་རེ་ཞུ་ངོ་ཐུག་གདོང་འཕྲད་ཀྱིས་བསྡུ་རུབ་དང་ཐག་གཅོད་བྱས་ཡོད། འཐུང་ཆུ་དང་། ཐོན་ལས། རྒན་གསོ། སྨན་བཅོས་འགན་བཅོལ་སོགས་དམངས་འཚོའི་བྱ་བ་དངོས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་དམངས་ཀྱི་རེ་འབོད་ལ་སྲིད་གཞུང་གིས་བརྡ་ལན་སློག་ཐུབ་པར་བྱས་ཏེ་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་བ་དང་དེར་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།