ཀྲུང་ཨུའི་སློབ་གསོའི་སྤེལ་རེས་དང་མཉམ་ལས་ཀྱི་པར་རིས་འགྲེམས་སྟོན་མོ་སི་ཁོར་སྤེལ་བ།

འདི་ནི་ཟླ་6ཚེས་26ཉིན། འགྲེམས་སྟོན་ཐོག་སྐུ་མགྲོན་ཚོས་ལྟ་སྐོར་དང་པར་ལེན་བྱེད་བཞིན་པ།
“ཀྲུང་ཨུའི་སློབ་གསོའི་སྤེལ་རེས་དང་མཉམ་ལས། ལོ་རྒྱུས་དང་ད་ལྟའི་གནས་ཚུལ”ཞེས་པའི་པར་རིས་འགྲེམས་སྟོན་ཟླ་6ཚེས་26ཉིན་ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དུ་སྤེལ་བ་རེད། པར་རིས་འགྲེམས་སྟོན་ནང་ཚན་པ་40ལྷག་ཙམ་གྱིས་མཁོ་འདོན་བྱས་པའི་པར་རིས་དཔྱད་གཞིའི་ཁྲོད་ནས་མཚོན་བྱེད་རང་བཞིན་ལྡན་པའི་པར་རིས་60ལྷག་ཙམ་ཞིབ་འབྱེད་གདམ་གསེས་བྱས་ནས་ཀྲུང་ཨུའི་སློབ་གསོའི་སྤེལ་རེས་མཉམ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།