དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཝེ་ནེ་ཙུའེ་ལ་ཕྱོགས་ལ་ཡང་བསྐྱར་མི་དམངས་ཤོག་སྒོར་དུང་ཕྱུར་1གི་ཛ་དྲག་རིན་མེད་དངོས་ཟོག་རོགས་སྐྱོར་བྱེད་རྒྱུའི་གཏན་འབེབས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཝེ་ནེ་ཙུའེ་ལར་ས་ཡོམ་བརྒྱབ་ཚུན་མི་སྣ་ཤི་རྨས་བྱུང་ཚད་རྒྱུན་མཐུད་འཕར་བཞིན་ཡོད། ཚེས་29ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་བསྐྱོན་སྐབས། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ལས་ཚབ་ལུའོ་ཏེ་ལི་ཀེ་སིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་དང་། ཀྲུང་གོ་སྲིད་གཞུང་གིས་དེ་གོང་ཝེ་ནེ་ཙུའེ་ལ་ཕྱོགས་ལ་དངུལ་སྨར་གྱི་རོགས་སྐྱོར་བྱས་པའི་རྨང་གཞིའི་ཐོག་ཝེ་ནེ་ཙུའེ་ལ་ཕྱོགས་ལ་ཡང་བསྐྱར་མི་དམངས་ཤོག་སྒོར་དུང་ཕྱུར་1གི་ཛ་དྲག་རིན་མེད་དངོས་ཟོག་རོགས་སྐྱོར་བྱས་ཏེ་ས་ཡོམ་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་ཐད་སྤྱོད་རྒྱུ་དང་འབྲེལ་ཝེ་ནེ་ཙུའེ་ལར་གང་མགྱོགས་དབོར་རྒྱུའི་གཏན་འབེབས་བྱས་ཡོད་ཅེས་བརྗོད་པ་རེད།

    ཀུའོ་ཅ་ཁུན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཝེ་ནེ་ཙུའེ་ལ་ཕྱོགས་ལ་ས་ཡོམ་གེགས་ཁུལ་གྱི་སྲུང་སྐར་པར་རིས་མཁོ་འདོན་བྱས་ནས་ཝེ་ནེ་ཙུའེ་ལ་ཕྱོགས་ཀྱི་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་ཡོད། ཝེ་ནེ་ཙུའེ་ལའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་ཕྱིར་སྡོད་རང་མིའི་ཚོགས་པས་ཝེ་ནེ་ཙུའེ་ལ་ཕྱོགས་ལ་མཁོ་བའི་ལས་གྲྭའི་འཕྲུལ་ཆས་དང་སྨན་བཅོས་དངོས་ཟོག་རང་འགུལ་ངང་མཁོ་འདོན་བྱས་པ་དང་འབྲེལ་རོགས་སྐྱོབ་རུ་ཁག་བཙུགས་ནས་འཚོལ་སྐྱོབ་ལས་དོན་ནང་ཧུར་ཐག་ཞུགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ནེ་ཙུའེ་ལའི་གནོད་འཚེའི་གནས་ཚུལ་ལ་གཞིགས་ནས་ཝེ་ནེ་ཙུའེ་ལ་ཕྱོགས་ལ་མུ་མཐུད་རྒྱབ་སྐྱོར་དེ་བས་མང་བ་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།