དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་ཐེངས་ཞེ་བརྒྱད་པའི་ཐང་ཧྲན་དམག་གྲུས་སེ་ཧྲེར་ལ་འཚམས་འདྲི་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-02

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ཁེ་ཐོ་རུའེ་ཡ་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་26ཉིན། ཀྲུང་གོའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་ཐེངས་ཞེ་བརྒྱད་པའི་ཐང་ཧྲན་དམག་གྲུ་སེ་ཧྲེར་གྱི་ཝེ་ཁེ་ཐོ་རུའེ་ཡའི་གྲུ་ཁར་འབྱོར་ནས། སེ་ཧྲེར་ལ་དུས་ཡུན་ཉིན་ལྔའི་མཛའ་གྲོགས་འཚམས་འདྲི་བྱེད་འགོ་ཚུགས་པ་རེད།

    ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་ཆུ་ཚོད་9པ་ཡོལ་ཙམ་ལ། ཀྲུང་སེ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་བཀལ་བའི་མཚོ་དམག་གི་ཐང་ཧྲན་དམག་གྲུ་ཝེ་ཁེ་ཐོ་རུའེ་ཡའི་གྲུ་ཁར་དལ་གྱིས་འབྱོར་བ་རེད། སེ་ཧྲེར་མཚོ་དམག་ཕྱོགས་ཀྱི་འཐུས་མི་དང་། སེ་ཧྲེར་རང་ཚུགས་སློབ་གྲྭའི་དགེ་སློབ། སེ་ཧྲེར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ལས་དོན་པ། ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་སོགས་མི་100ལྷག་ཙམ་གྱིས་གྲུ་ཁར་དགའ་བསུ་ཞུས་པ་རེད།

    འཚམས་འདྲི་བྱེད་རིང་། དཔུང་རུས་ཆེད་ལས་སྤེལ་རེས་དང་གྲུ་གཅལ་སྣེ་ལེན་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ཚོགས་ཆུང་ཟུར་འཐེན་དང་རུ་ཁག་ཕྱེ་ནས་སེ་ཧྲེར་ལ་རང་བཙན་ཐོབ་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།