དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ལས་འགན་ཁག་གསུམ”སྒྲུབ་མཁན་བོད་སྐྱོར་ལས་བྱེད་པ་ཡུས་ཧྲེང་ཅེ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-02

    དུས་ཐུང་ཟླ་ཕྱེད་ནང་ཡུས་ཧྲེང་ཅེ་དང་ཐེངས་གསུམ་ཐུག་རུང་ཚང་མ་ཁོང་ལས་བྲེལ་ཆེ་བའི་སྒང་རེད།

    བཅར་འདྲི་ཐེངས་དང་པོ་བྱེད་སྐབས་གླེང་མོལ་བྱས་ནས་ཆུ་ཚོད་ཕྱེད་ཀ་ཙམ་ཡང་མ་སོང་བར་ཁོང་ལ་ཚོགས་འདུར་ཞུགས་རྒྱུའི་བརྡ་ཐོ་འབྱོར་བ་དང་། བཅར་འདྲི་ཐེངས་གཉིས་པ་བྱེད་སྐབས་སྟབས་ལེགས་པ་ཞིག་ལ་གླེང་མོལ་ཚར་སོང་། འོན་ཀྱང་ཁོང་ལ་ཡང་གཤགས་བཅོས་ཅིག་བྱེད་དགོས་པའི་བརྡ་ཐོ་འབྱོར།

    བཅར་འདྲི་ཐེངས་གཉིས་པ་མ་བྱས་གོང་། དགོང་མོའི་ཆུ་ཚོད་9པའི་ཆབ་མདོའི་ཁྲོམ་གཞུང་དུ། གསར་འགོད་པས་གླ་འཁོར་གླ་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་ཡུས་ཧྲེང་ཅེ་དང་གླ་འཁོར་གཅིག་ནང་ཁ་ཐུག་འཁེལ།

    “དགོངས་པ་མ་ཚོམ། ང་རང་ཛ་དྲག་ཆེ་བའི་གཤགས་བཅོས་ཅིག་བྱེད་པར་འགྲོ་དགོས་པས། གླ་འཁོར་འདི་ངས་གླས་ན་འགྲིག་གམ”ཞེས་ཡུས་ཧྲེང་ཅེ་ཡིས་བྲེལ་བ་ཆེན་པོ་བརྗོད།

    ན་ནིང་ཟླ་7པར། ཁྲུང་ཆིང་གསོ་རིག་ཚན་ཁག་སློབ་ཆེན་ཞོར་གཏོགས་སྨན་ཁང་གཉིས་པའི་སྨན་དོན་ཁྲུའི་ཁྲུའུ་ཀྲང་གཞོན་པའི་འགན་འཁུར་བཞིན་པའི་ཡུས་ཧྲེང་ཅེ་ཡིས་ཁྲུང་ཆིང་ནས་ཆབ་མདོར་བསྐྱོད་དེ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་གི་འགན་ཁུར་ནས“ལས་འགན་ཁག་གསུམ”གྱི་བོད་སྐྱོར་ལས་དོན་སྒྲུབ་འགོ་ཚུགས།

    སྨན་ཁང་གི་འགོ་ཁྲིད་ཡིན་པའི་ངོས་ནས་ཁོང་གིས་སྨན་ཁང་ཡོངས་ཀྱི་སྲིད་འཛིན་ལས་དོན་གྱི་འགན་འཁུར་དགོས་པ་དང་། བོད་སྐྱོར་རིགས་གཅིག་མཁས་ཅན་ཡིན་པའི་ངོས་ནས་ཁོང་གིས་རྒྱུན་དུ་སྒོ་བསྟེན་སྨན་བཅོས་ཁང་དུ་ནད་བརྟག་སྨན་བཅོས་བྱེད་དགོས་པ་མ་ཟད། གཤགས་བཅོས་གལ་ཆེན་བྱེད་དགོས་ཚེ་ཁོང་ངོ་མ་གཤགས་བཅོས་བྱེད་པར་ཞུགས་དགོས་ཀྱི་ཡོད།

    ཆབ་མདོར་སླེབས་མ་ཐག་པའི་ཟླ་དང་པོར། ཁོང་གིས་སྒོ་བསྟེན་སྨན་བཅོས་ཁང་གི་ཆེད་ལས་ཅན་དང་ཞིབ་ཚགས་ཅན་གྱི་དོ་དམ་ལས་དོན་སྒྲིག་འཛུགས་བྱས་ཏེ། སྲིད་ཇུས་བཏོན་ནས་སྨན་པ་ནད་བརྟག་སྨན་བཅོས་བྱེད་པར་བསྐྱོད་རྒྱུར་སྐུལ་ལྕག་བྱས་པས། སྒོ་བསྟེན་སྨན་བཅོས་ཁང་དུ་ནད་པར་སྨན་བཅོས་ཐུབ་ཚད་དང་ནད་པའི་སྨན་བཅོས་ཉམས་ལེན་སོགས་ཚང་མ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། དེ་རྗེས་ཁོང་གིས་ནད་སྡོད་ཚན་ཁག་ཞིབ་ཚགས་ཅན་གྱི་དོ་དམ་ལ་སྔར་བས་སྐུལ་འདེད་བཏང་བས། ཁོག་ནད་ཚན་ཁག་གཉིས་པ་དང་། ཕྱི་ནད་ཚན་ཁག དབང་པོ་ལྔའི་ཚན་ཁག ཁོག་ནད་ཚན་ཁག་དང་པོ་བཅས་སྔ་རྗེས་སུ་བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་བ་ཕྱེ་ཡོད། ཁོང་གིས་ད་དུང་སྨན་ཁང་གི་ལམ་ལུགས་བཟོ་བཅོས་ལས་དོན་གཙོ་སྐྱོང་གནང་ནས་གཟའ་འཁོར་རེའི་གཟའ་མིག་དམར་ནད་ཐོག་སྨན་བཅོས་ཀྱི་འབྲེལ་གཏུག་ཉིན་མོ་དང་། གཟའ་འཁོར་རེའི་གཟའ་ལྷག་པ་དོ་དམ་ཉིན་མོར་གཏན་འཁེལ་བྱས་ཡོད།

    ད་ལོའི་ཟླ་5པར། ཡུས་ཧྲེང་ཅེ་ཡིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གཅིག་འཐུས་རྣམ་པའི་གཟུགས་པོ་བརྟག་དཔྱད་ལྟེ་གནས་སྒྱུར་བཀོད་ལས་དོན་ལ་གཙོ་བོ་འགོ་ཁྲིད་དེ་ལེགས་སྒྲུབ་བྱས་ཡོད། ད་ཆ། སྨན་ཁང་གི་ལྟེ་བའི་གཟུགས་པོ་བརྟག་དཔྱད་རྣམ་གྲངས་ཐོག་སོ་གཅིག་ཏུ་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད་པས། གཟུགས་པོ་བརྟག་དཔྱད་བྱེད་མཁན་ཚོ་ཐོག་སོ་ཡར་འཛེག་མར་འབབ་བྱེད་དགོས་མེད། སྨན་ཁང་གིས་ད་དུང་རིག་ལྡན་སྒོ་བསྟེན་སྨན་བཅོས་ཀྱི་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བས། ནད་པས་སྨན་ཁང་གི་སྐད་འཕྲིན་སྤྱི་རྟགས་བརྒྱུད་དྲ་ཐོག་ནས་སྨན་རིན་འཇལ་བ་སོགས་ཀྱི་ལས་སྒོ་གཉེར་ཐུབ།

    བོད་སྐྱོར་བྱས་ནས་ལོ་གཅིག་ཀྱང་མ་སོང་ཡང་སྲིད་འཛིན་ལས་དོན་ཕུད། ཡུས་ཧྲེང་ཅེ་ཡིས་ད་དུང་སྒོ་བསྟེན་སྨན་བཅོས་ཁང་དུ་ནད་པ་མི་ཐེངས་700ལྷག་ཙམ་ལ་ནད་བརྟག་སྨན་བཅོས་བྱས་པ་དང་གཤགས་བཅོས་ཐེངས་60ལྷག་ཙམ་བྱས་ཡོད། “ཡོན་ཀྲང་ངོ་མས་ནད་གཞི་ལྟ་བའི”ཆ་འཕྲིན་དེ་ཆབ་མདོའི་ས་ཕྱོགས་གང་སར་ཁྱབ་པས། ནད་པ་མང་པོ་ཞིག་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་པར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།