དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-02

    ཟླ་6ཚེས་29ཉིན། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། མི་དམངས་ཉིན་རེའི་ཚགས་པར་ཁང་རྩོམ་སྒྲིག་ཨུ་ལྷན་གྱི་ཨུ་ཡོན་དང་ཕྱི་རྒྱལ་པར་གཞིའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཁྲེན་ཀྲི ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཏུང་ཧྲི་ཝང་ཅིན་ཤིས་བཅས་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ལུའོ་ཏུང་ཁྲོན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བརྗོད་དོན་གཙོ་བོའི་བྱེད་སྒོར་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་པར་གཞི《བདེ་ལམ》ཞེས་པ་བསྟན་པ་དང་། ལོ་ཆུང་གདོང་ལེན་རུ་མིས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་སྐྱེལ་འདྲེན་ལས་གཉེར་ལ་ཞུགས་མཁན་རྒན་རབས་པ་དང་སྔོན་ཐོན་འཐུས་མིར་མེ་ཏོག་ཕུལ་ནས་གུས་འདུད་ཞུས་པ། གཞོན་ནུ་ལོ་ཆུང་སློབ་མ་དང་མཚོ་བོད་ལྕགས་ལམ་གྱི་ན་གཞོན་ལས་བཟོའི་འཐུས་མིས་མཉམ་དུ《མཁའ་ལམ་གྱི་དམ་བཅའི་ཚིག》བསྒྲགས་པ་རེད།

    ད་ལོ་ནི་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ངོ་20འཁོར་བའི་ལོ་ཞིག་རེད། ལོ་20ཡི་རིང་། ལེ་དབར་སྟོང་གི་མཁའ་ལམ་གངས་ལྗོངས་སུ་ཐོགས་མེད་ཤར་གཏོང་ཐུབ་ཅིང་། དུས་རབས་ཀྱི་ལས་གྲྭ་ནས་དམངས་ཕྱུག་གི་ལམ་བུ་དང་། མཐུན་སྒྲིལ་གྱི་ལམ་བུ། དར་རྒྱས་ཀྱི་ལམ་བུ་བཅས་སུ་གྱུར་ཏེ་མི་དམངས་ཀྱི་བདེ་རྩ་དང་། མི་རིགས་མཐུན་སྒྲིལ། མཐའ་མཚམས་བརྟན་ལྷིང་བཅས་ལ་སྒུལ་ཤུགས་ཆེན་པོ་རྒྱུན་མཐུད་བསྣན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།