དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ ཁྱེར)10དང་མཉམ་དུ་ཡོངས་བསྒྲགས་དྲན་སྐུལ་བྱས་དོན།

    ​“དམིགས་བསལ་མཁོ་འདོན་ཨ་རག”གི་མགོ་སྐོར་གཏོང་སྟངས་གསར་པར་དོགས་ཟོན་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-07-02

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཛད་སྤྱོད་ཀྱི་ཉེན་ཁ་གསར་པར་དོགས་ཟོན་ནུས་ལྡན་བྱས་ནས་མང་ཚོགས་ཚོས་ལུགས་མཐུན་གྱི་འཛད་སྤྱོད་བྱེད་པར་ཁྲིད་སྟོན་བྱ་ཆེད། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་ཁྲུང་ཆིང་དང་། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ། ཧྲའན་ཤིས། ཀན་སུའུ། ཤིན་ཅང་། ཉིང་ཞ། ནང་སོག ཀོང་ཤིས་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)བཅུའི་འཛད་སྤྱོད་པའི་རྩ་འཛུགས་དང་མཉམ་དུ་འཛད་སྤྱོད་ཀྱི་དྲན་སྐུལ་བཏང་ནས་ཨ་རག་རྫུན་མའི་འཛད་སྤྱོད་ཀྱི་མགོ་སྐོར་གཏོང་སྟངས་གསར་པར་ཉེན་བརྡ་བཏང་ཡོད།

    ད་ཕན་ལོ་ཤས་རིང་། ས་གནས་ཁག་གི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཨ་རག་རིགས་ཀྱི་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་བས། སྔོན་ཆད་མངོན་སུམ་འཛེམ་མེད་ངང“དམིགས་བསལ་མཁོ་འདོན”དང“ཆེད་མངགས་མཁོ་འདོན”གྱི་ཡི་གེ་བཀོད་པའི་གནད་དོན་ཡོད་པའི་ཨ་རག་གཙང་བཤེར་ནུས་ལྡན་བྱུང་ཡོད། ལྟ་འདོམས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་སྦྲགས། ཁྲིམས་འགལ་བའི་རྫུན་བཟོ་རྫུན་འཚོང་གི་བྱེད་ཐབས་ཀྱང་བསྒྱུར་ནས“དམིགས་བསལ་མཁོ་འདོན་ཨ་རག”གི་མགོ་སྐོར་གཏོང་སྟངས་གསར་པ་སྣ་ཚོགས་ཁྲོམ་རར་རིམ་གྱིས་ཐོན་ཡོད། ཨ་རག་རྫུན་མ་དེ་དག་ཧ་ཅང་འདྲ་ཆགས་པ་དང་འགྲེམས་སྟངས་དེ་བས་མངོན་ཆེན་པོ་མེད་པ་དེས་ཨ་རག་ཁྲོམ་རའི་རྒྱུན་གཏན་གྱི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བ་མ་ཟད། བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མི་ཉུང་བ་ཞིག་གནས་པས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་འཚེ་གཏོང་གི་ཡོད།

    འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་རྒྱ་ཆེའི་འཛད་སྤྱོད་པར་དྲན་སྐུལ་བྱས་དོན། ཁྲོམ་རར་ཁྲིམས་མཐུན་གྱི་ནང་ཁུལ་དམིགས་བསལ་མཁོ་འདོན་དང་ཆེད་དོན་མཁོ་འདོན་གྱི་ཨ་རག་གཅིག་ཀྱང་མེད་པས། ཨ་རག་འདེམས་ཉོ་བྱེད་སྐབས་མཐོ་འདོད་དང་མགོ་བདེ་དྲན་འཕྲུལ་གྱི་བསམ་བློ་དོར་ཏེ། གཞུང་ཕྱོགས་ཀྱི་དབང་བསྐུར་ཚོང་ཁང་དང་ཚུལ་མཐུན་གྱི་སྒོ་རྩིས་ཚོང་ཁང་སོགས་བློས་འགེལ་ཆོག་པའི་ཐབས་ལམ་ནས་ཉོ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཚོགས་ལས་རིགས་ཁག་ལ་ཁྲོམ་རའི་ལྟ་སྐུལ་ནང་ཧུར་ཐག་ཞུགས་ཏེ“དམིགས་བསལ་མཁོ་འདོན་ཨ་རག”གི་མགོ་སྐོར་གཏོང་སྟངས་གསར་པའི་ཁྲིམས་འགལ་བྱེད་སྤྱོད་ཡོད་པ་ཤེས་ཚེ། འཕྲལ་དུ་12315ཐད་སྦྲེལ་ཁ་པར་རམ་ཡང་ན་རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་མཐུན་ཚོགས་རིག་ལྡན་315ལས་སྟེགས་བརྒྱུད་ཞུ་གཏུག་ཐེར་འདོན་བྱས་ནས། ཨ་རག་འཛད་སྤྱོད་ཁྲོམ་རའི་ཁོར་ཡུག་ཐུན་མོང་ཐོག་ལེགས་སུ་བཏང་སྟེ། མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་དང་འཛད་སྤྱོད་བདེ་འཇགས་སྲུང་རྒྱུའི་འབོད་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།