དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་ཀྱི་རྒྱལ་ཁབ་ཀྱི་རིག་གནས་གཟའ་འཁོར་སྐབས་བཅོ་བརྒྱད་པ་ཨའོ་མོན་དང་། མཚོ་སྔོན། པེ་ཅིང་བཅས་སུ་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-07-01

    ཤིན་ཧྭ་གསར་འགྱུར་ཁང་ཨའོ་མོན་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་26ཉིན། ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས(ཨའོ་མོན)ཀྱི་རྒྱུན་གནས་དྲུང་ཡིག་ཁྲུའུ་ཡིས་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་ཞིམ་ཟས་འོས་སྦྱོར་བྱེད་སྒོའི་ཐོག ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་རིག་གནས་གཟའ་འཁོར་སྐབས་བཅོ་བརྒྱད་པ་ཟླ་6ཚེས་27ཉིན་ནས་ཟླ་7ཚེས་10ཉིན་བར་ཨའོ་མོན་དང་། མཚོ་སྔོན། པེ་ཅིང་བཅས་ས་གནས་གསུམ་དུ་འཚོག་རྒྱུ་ཡིན་པའི་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་གླེང་སྟེགས་ཀྱི་རྒྱུན་གནས་དྲུང་ཡིག་ཁྲུའི་དྲུང་ཆེ་ཅི་ཤན་ཀྲེང་གིས། ད་རེས་ཀྱི་རིག་གནས་གཟའ་འཁོར་གྱིས“ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་རིག་གནས་གཅིག་ཏུ་འདྲེས། ཕྱོགས་བཞི་མཚམས་བརྒྱད་ཀྱི་གྲོགས་པོ་བློས་ཐུབ་འདུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། བྱེད་སྒོ་དེས“གྲོང་ཁྱེར་གསུམ་མཉམ་འགུལ”བྱེད་ཐབས་བརྒྱུད། ཨའོ་མོན་གྱི་ལས་སྟེགས་ཀྱི་ལེགས་ཆར་བརྟེན་ནས་ནང་སའི་གྲོང་ཁྱེར་དང་མཉམ་འགུལ་གྱིས་ཆེད་ལས་ཅན་དང་ཁྱད་ཆོས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་རེད།

    ནང་དོན་ཇུས་འགོད་ཐད། རིག་གནས་གཟའ་འཁོར་ནང་རིག་རྩལ་འཁྲབ་སྟོན་དང་། མཛེས་ལྗོངས་ཁུལ་ལ་སྐྱོད་པ། ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་ཞིམ་ཟས་འོས་སྦྱོར་བྱེད་པ་སོགས་ཀྱི་རྣམ་གྲངས་སོར་འཇོག་ཐོག ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་གསར་དུ་བསྣན་པ་མ་ཟད། ས་གནས་དེ་གའི་སྒྲིག་གཞིས“ཀྲུང་གོ་དང་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་གཞོན་ནུའི་བརྙན་ཐུང་འགྲན་བསྡུར་ཆེན་པོ”གཉེར་རྒྱུར་རྒྱབ་སྐྱོར་བྱས་ནས་ཀྲུང་གོ་དང་ཕོར་ཐིའུ་ཀལ་དབར་གྱི་མི་ཆོས་རིག་གནས་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    ཞིབ་ཕྲའི་བྱེད་སྒོ་བཀོད་སྒྲིག་ཐད། ཨའོ་མོན་ས་ཚིགས་ཀྱིས་ཕོར་ཐིའུ་ཀལ་སྐད་སྤྱོད་མཁན་རྒྱལ་ཁབ་ཀྱི་ཞིམ་ཟས་འོས་སྦྱོར་དང་། ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན། འགོ་ཚུགས་མཛད་སྒོའི་གླུ་གར་འཁྲབ་སྟོན་བཅས་བྱ་རྒྱུ་དང་། མཚོ་སྔོན་ས་ཚིགས་ཟི་ལིང་གི་ཐང་བོད་གནའ་ལམ་637ཐང་ཆེན་དུ་བཙུགས་ཏེ་གླུ་གར་འཁྲབ་སྟོན་དང་། དཔལ་འབྱོར་ཚོང་དོན་འོས་སྦྱོར། རིག་གནས་ཡུལ་སྐོར་བཅས་བྱ་རྒྱུ། པེ་ཅིང་ས་ཚིགས་ཁྲའོ་དབྱང་སྤྱི་གླིང་གི་འགྲོན་བུའི་ཟློས་གར་ཁང་དུ་བཙུགས་ནས་རིག་གནས་སྤེལ་རེས་དང་འགྲེམས་སྟོན་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།

    ཐི་མོར་ཤར་མ་ནས་ཡོང་བའི་མ་བྱན་ཁ་ལུའོ་ཐ·ཏ·C·ཕུའུ་ལུའེ་ཐ་སི་ཉིན་དེའི་ཨའོ་མོན་ས་ཚིགས་ཀྱི་ཞིམ་ཟས་འོས་སྦྱོར་བྱེད་སྒོར་ཞུགས་ཤིང་། ཁོང་གིས་དེ་གར་ཡོད་པའི་སྐུ་མགྲོན་ཚོར་ཐི་མོར་ཤར་མའི་སྲོལ་རྒྱུན་ཞིང་ལས་སྐྱེ་དངོས་མེན་པའོ་ཤིང་ཏོག་འོས་སྦྱོར་བྱས་ཤིང་། ཤིང་ཏོག་དེ་རིགས་ལ་སིང་ཕྱེ་མང་པོ་འདུས་ཡོད་པ་དང་། དེ་ནི་ས་གནས་དེ་གའི་རྒྱུན་གཏན་བཟའ་བཅའི་ཡོང་ཁུངས་གཙོ་བོ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།