“རིག་དངོས་ལས་འཕྲོས་པའི་ཀྲུང་ཨའི་དམངས་ཁྲོད་མཛའ་མཐུན་འགྲོ་འོང་གི་གཏམ་རྒྱུད”ཀྱི་ཆེད་དོན་འགྲེམས་སྟོན་གཉེར་བ།
ཟླ་6ཚེས་27ཉིན། ཀྲུང་གོའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ཕྱི་ཁོངས་ཀྲུང་གོ་བའི་ལོ་རྒྱུས་རྟེན་མཛོད་ཁང་གིས་གཉེར་འགན་འཁུར་བའི“རིག་དངོས་ལས་འཕྲོས་པའི་ཀྲུང་ཨའི་དམངས་ཁྲོད་མཛའ་མཐུན་འགྲོ་འོང་གི་གཏམ་རྒྱུད”ཀྱི་ཆེད་དོན་འགྲེམས་སྟོན་དེ་ཕྱི་ཁོངས་ཀྲུང་གོ་བའི་རྟེན་མཛོད་ཁང་དུ་གཉེར་ཞིང་། ཨ་རི་རྒྱལ་ཁབ་བཙུགས་ཚུན་གྱི་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་འཕེལ་རིམ་བརྒྱུད་རིམ་ལྡན་པའི་ངང་གསེད་དཀྲོལ་བྱས་ཡོད།
ད་ཐེངས་ཀྱི་འགྲེམས་སྟོན་གཉེར་བའི་དམིགས་ཡུལ་ནི་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་། བརྟན་པོ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ཡོང་བར་དམངས་སེམས་གཅིག་བསྒྲིལ་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། ཀྲུང་ཨའི་དམངས་ཁྲོད་མཛའ་མཐུན་གཅིག་རྒྱུན་གཅིག་འཛིན་ཡོང་བར་རམ་འདེགས་བྱ་ཆེད་རེད། “འདི་ནི་ལྟད་མོ་ཆེ་ཞིང་བློ་སྒོ་འབྱེད་པའི་འགྲེམས་སྟོན་ཞིག་རེད། འདི་ལས་ཨ་ཀྲུང་དབར་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ན་རྒྱལ་ཁབ་གཉིས་ཀ་དེ་བས་སྟོབས་འབྱོར་ལྡན་པ་དང་འཛམ་གླིང་དེ་བས་ཞི་བདེ་དར་རྒྱས་ཡོང་ཐུབ་པ་ང་ཚོས་མཐོང་བྱུང”ཞེས་ཨ་རིའི་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་འཛུགས་མཁན་ཡོན་ཀྲང་དང་དགེ་རྒན་ཆེ་མོ་བ་ཀེ་ལེ་ཨེ་མུའུ·ཨའེ་ལི་སེན་གྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱས་རྗེས་བརྗོད་པ་དང་། ཁོང་གིས་ཨ་ཀྲུང་འབྲེལ་བ་ནི་དེང་སྐབས་འཛམ་གླིང་གི་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཤིག་རེད། འགྲེམས་སྟོན་ལ་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་གི་ལོ་རྒྱུས་དཔང་དངོས་དང་ལེགས་སྐྱེས་བསྟན་པ་དང་། རིན་ཐང་ཆེ་ཤོས་ནི་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱུན་མཐུད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱེད་པ་དང་ཕྱོགས་གཉིས་པོའི་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུའི་དྲན་སྐུལ་བྱས་པ་དེ་རེད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།