“ད་ཆའི་ཀྲུང་གོ་བཏོད་ཡོད་ལ་ཀྲུང་གོའི་འབྱུང་འགྱུར་ཡང་གཏོད་བཞིན་ཡོད”
——ཨུ་ཀྲུང་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཁུའུ་ལི་ཁོ་ཝ་ལ་བཅར་འདྲི་ཞུས་པ།
“ད་ལོ་ནི་ང་རང་ལས་ཀར་ཞུགས་ནས་ལོ་བདུན་ཅུ་ཏག་ཏག་འཁོར་བའི་ལོ་ཞིག་ཡིན། ངའི་མི་ཚེ་གང་པོར་ཀྲུང་གོ་དང་འབྲེལ་འདྲིས་དམ་ཟབ་བྱུང་ལ། ཀྲུང་གོའི་སྔོན་ཆད་དང་ད་ཆའི་གནས་སྟངས་དངོས་སུ་མཐོང་མྱོང”ཞེས་ད་ཆ་ལོ་91ལ་སླེབས་པའི་ཨུ་རུ་སུ་ཀྲུང་གོ་མཛའ་མཐུན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཅཱ་ལིན་ན·ཁུའུ་ལི་ཁོ་ཝ་ཡིས་བཤད་ཅིང་། ཀྲུང་གོའི་འགྱུར་ལྡོག་ཆེན་པོ་དངོས་སུ་མཐོང་བའི་དབང་གིས་ཁོང་ལ་གཞི་ནས་ཀྲུང་གོ་གུང་ཁྲན་ཏང་ལ་སྔར་བས་ཟབ་པའི་རྒྱུས་མངའ་བྱུང་བ་རེད།
ཁུའུ་ལི་ཁོ་ཝ་ཡིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་དང་ཚན་རྩལ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ནས་གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། འཕྲུལ་མི་སོགས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྔོན་གྲལ་གྱི་གནས་བབ་ཏུ་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཚན་ཞིབ་ཁྱབ་ཁོངས་སུ་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་། མ་དངུལ་འབོར་ཆེན་བཏང་བ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ། གོ་སྐབས་རྒྱ་ཁྱབ་ངང་གསར་འབྱེད་བྱས་པ་བཅས་ལས། ཀྲུང་གོར་གཞི་ནས་ད་ཆའི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ཀྱི་ཚ་རླབས་ཤིག་འཕྱུར་ཐུབ་ཡོད་ཅེས་བརྗོད་པ་རེད།
“འཆར་གཞི་ཡོད་པའི་སྒོ་ནས་ལས་དོན་སྤེལ་བ་དང་འབྲེལ་ཐོག་མཐའ་བར་གསུམ་དུ་འཆར་གཞི་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་ལ་གྲུབ་འབྲས་ཐོབ་པའི་འགག་རྩ་ཡིན” ཁུའུ་ལི་ཁོ་ཝ་ཡིས་བལྟས་ན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་བསམ་བློའི་ལམ་ཕྱོགས་དང་སྲིད་ཇུས་འཆར་འགོད་ཀྱི་གཅིག་མཐུན་རང་བཞིན་དང་རྒྱུན་མཐུད་རང་བཞིན་འགན་ལེན་བྱས་པ་དེས། ཀྲུང་གོར་གྲུབ་འབྲས་ཐོན་པ་དང་། བརྟན་ལྷིང་། འཕེལ་རྒྱས་ཡོང་བར་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། “ལོ་ལྔ་ཚན་དང་པོའི”འཆར་གཞི་ནས་ད་ལྟའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བར། ལོ་ལྔའི་འཆར་འགོད(འཆར་གཞི)བཟོས་པ་ནི་ཀྲུང་གོ་གོམ་པ་རེ་རེ་བཞིན་བདེ་བླག་ངང་འཕེལ་རྒྱས་མདུན་སྐྱོད་ཐུབ་པའི་རྨང་རྡོ་ཡིན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་བློ་གྲོས་དང་། འགོ་ཁྲིད་ཀྱི་ནུས་པ། ལས་འགན་གྱི་དམིགས་ཡུལ་བཅས་ཀྱི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་ཡིན་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་ཕུལ་དུ་བྱུང་བའི་སྒོ་ནས་རྒྱལ་ཁབ་ལ་འགོ་ཁྲིད་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུ་བཞིན་ཡོད།
ད་ལོ། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། ཁུའུ་ལི་ཁོ་ཝ་ཡིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་ནུས་པར་སྔར་བས་ཤེས་རྟོགས་བྱུང་ཡོད། ཁོང་གིས། ཀྲུང་གོས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་ལྗང་མདོག་དཔལ་འབྱོར་དང་ནུས་རྒྱུ་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། ཁོར་ཡུག་བཅོས་སྐྱོང་དང་ཐཱན་ཉུང་བཙོག་འབུད་ཉུང་གཏོང་སོགས་ཀྱི་བྱེད་ཐབས་འཕྲལ་ཐག་ཆོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་དུས་མཚུངས་སུ། གྲངས་ཉུང་མི་རིགས་ལ་སློབ་གསོ་དེ་བས་ལེགས་པ་འཐོབ་པ་དང་ཚན་རྩལ་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུར་མཐུན་རྐྱེན་བསྐྲུན་པ་མ་ཟད། ཀྲུང་གོའི་མི་རིགས་ཁག་གི་མི་དམངས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་ཆེད་འགན་སྲུང་ཡང་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོ་གུང་ཁྲན་ཏང་གིས་ད་ཆའི་ཀྲུང་གོ་བཏོད་ཡོད་ལ་ཀྲུང་གོའི་འབྱུང་འགྱུར་ཡང་གཏོད་བཞིན་ཡོད” ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད་པ་མ་ཟད། ད་དུང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཡང་ཧུར་ཐག་གཞོལ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོས་འཛམ་གླིང་ལ་རང་ཉིད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་མཉམ་སྤྱོད་བྱེད་འདོད་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པ་དེས་འཛམ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ངེས་ཡིན་པ་དང་། འཛམ་གླིང་གི་འཕེལ་རྒྱས་ཀྱིས་ཀྱང་ཀྲུང་གོར་གྲུབ་འབྲས་སྔར་བས་ཆེ་བ་འཐོབ་པར་བྱེད་ངེས་རེད་ཅེས་ཁུའུ་ལི་ཁོ་ཝ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།