2025ལོར་རང་རྒྱལ་གྱི་རིག་གནས་ཐོན་ལས་ཀྱི་གཉེར་སྐྱོང་ཡོང་འབབ་གཞི་ཁྱོན་ སྒོར་དུང་ཕྱུར་ཁྲི་20ལས་བརྒལ་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་2025ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུ་ལས་མངོན་པར། 2025ལོར་རང་རྒྱལ་གྱི་རིག་གནས་དང་འབྲེལ་ཡོད་ཐོན་ལས(གཤམ་དུ“རིག་གནས་ཐོན་ལས”ཞེས་བསྡུ་རྒྱུ)ཀྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་208254ཟིན་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་ལོ་གོང་མ་ལས་8.8%འཕར་ཡོད།
གྲངས་གཞི་ལས་མངོན་པར། རིག་གནས་ཐོན་ལས་ཀྱི་ལས་རིགས་ཆེན་པོ་དགུའི་གཉེར་སྐྱོང་ཡོང་འབབ་ཕྱོགས་ཡོངས་ནས་འཕར་ཞིང་། དེའི་ནང་གསར་གཏོད་ཇུས་འགོད་ཞབས་ཞུ་དང་། ནང་དོན་གསར་རྩོམ་ཐོན་སྐྱེད། གསར་འགྱུར་ཆ་འཕྲིན་ཞབས་ཞུ། རིག་གནས་རོལ་རྩེད་སྤྲོ་གསེང་ཞབས་ཞུ་བཅས་ལས་རིགས་4ཡི་གཉེར་སྐྱོང་ཡོང་འབབ་གྲངས་གནས་གཉིས་འཕར་ནས་ལོ་གོང་མ་ལས་13.2%དང་། 12.4% 12.3% 10.7%བཅས་སོ་སོར་འཕར་ཡོད། རིག་གནས་སྒྲིག་ཆས་ཐོན་སྐྱེད་དང་། རིག་གནས་ཁྱབ་སྤེལ་ཐབས་ལམ། རིག་གནས་མ་འཇོག་གཉེར་སྐྱོང་། རིག་གནས་རམ་འདེགས་ཐོན་སྐྱེད་དང་མཚམས་སྦྱོར་ཞབས་ཞུ། རིག་གནས་འཛད་སྤྱོད་ཀྱི་མཐའ་སྣེའི་ཐོན་སྐྱེད་བཅས་ལས་རིགས་5ཡི་གཉེར་སྐྱོང་ཡོང་འབབ་ལོ་གོང་མ་ལས་8.0%དང་། 7.7% 3.1% 2.7% 2.5%བཅས་སོ་སོར་འཕར་ཡོད།
འབྲེལ་ཡོད་གསར་འགྱུར།