སྟག་རྩེ་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྲིད་གཞུང་དང་ཁེ་ལས་ཀྱིས་དྲོ་སྐྱིད་སྦྱིན་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། སྟག་རྩེ་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་དང་གཅེས་སེམས་ཁེ་ལས་དང་མཉམ་དུ“བློ་སེམས་གཅིག་མཐུན་གྱིས་དམངས་འཚོ་སྲུང་། བརྩེ་སེམས་ཟབ་མོས་དཀའ་ངལ་སེལ་རོགས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་སྲིད་ཇུས་སྒྲོག་འགྲེལ་དང་། བཞུགས་མོལ་སྤེལ་རེས། གཅེས་སེམས་ཞལ་འདེབས་རྒྱག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་ཚོར་ཐུབ་པར་བྱས་ཡོད།
བྱེད་སྒོ་སྤེལ་རིང་། སྟག་རྩེ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་སྒྲོག་འགྲེལ་རུ་ཁག་གིས་རྒྱལ་ཡོངས་ཀྱི་ཚོཌ་འདུ་གཉིས་དང་། དམངས་འཚོ་འགན་སྲུང་། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ། དམངས་ཕན་སྲིད་ཇུས་སོགས་ཀྱི་ནང་དོན་ལ་དམིགས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སྒྲོག་འགྲེལ་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་དང་དམངས་སེམས་སུ་ཟུག་པར་བྱས་ཡོད། སྤེལ་རེས་མཉམ་འགུལ་གྱི་ལྷུ་ཚིགས་ནང་ཏང་ཡོན་ལས་བྱེད་པས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་10དང་ཅི་འཕྲོས་མོལ་འཕྲོལ་བྱེད་པའི་རྣམ་པའི་ཐོག་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་གི་འཚོ་བ་དང་། བདེ་ཐང་གནས་ཚུལ། དངོས་ཡོད་དཀའ་ངལ་བཅས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་ཁོང་ཚོའི་རེ་འདུན་ཟིན་ཐོར་ནན་ཏན་བཀོད་དེ་རྗེས་མཐུད་ཀྱི་གནད་སྨིན་རོགས་སྐྱོར་ལ་གཞི་འཛིན་ས་མཁོ་འདོན་བྱས་ཡོད། དེ་རྗེས་གཅེས་སེམས་ཁེ་ལས་ཀྱིས་ས་གནས་ས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚོ་བའི་མཁོ་ཆས་ཞལ་འདེབས་བརྒྱབ་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཁེ་ལས་ཀྱི་བརྩེ་སེམས་བརྒྱུད་སྤྲོད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།