དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་བྲག་རྫོང་གིས།

    “གཉེན་སྒྲིག་དང་བུ་བཙའི་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཤེས་དཔལ་སྲོལ་གསར་དར་སྤེལ་གཏོང་བའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    ཉེ་ཆར། ལྷོ་བྲག་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ་བྱི་ལི་ཕུག་གྲོང་རྡལ་བྱི་ལི་ཕུག་སྡེ་ཁུལ་དུ་བསྐྱོད་དེ“གཉེན་སྒྲིག་དང་བུ་བཙའི་ཁྲིམས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་ནས་ཤེས་དཔལ་སྲོལ་གསར་དར་སྤེལ་གཏོང་བའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ནི“དུད་ཚང་དུ་འཚམས་འདྲིར་སྐྱོད་པ་དང་གཅིག་སྡུད་སྒྲོག་འགྲེལ་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་དེ་སྤེལ་ཞིང་། ལས་དོན་མི་སྣས་དཀའ་ངལ་ཡོད་པའི་བུད་མེད་ཀྱི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲིའི་དངུལ་སྤྲད་པ་དང་ཆབས་ཅིག དུད་ཚང་རེ་རེ་བཞིན་གཉེན་སྒྲིག་ཁྱིམ་ཚང་གི་གནས་ཚུལ་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་སོགས་རྐྱེན་རྩར་ཐུག་པའི་གནད་དོན་གྲལ་བཤེར་བྱས་ཏེ། ངོ་ཐུག་གདོང་འཕྲད་ཀྱིས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་དང་བུད་མེད་ཀྱི་ཁེ་དབང་འགན་སྲུང་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གསལ་འགྲེལ་ཞིབ་ཚགས་བརྒྱབ་ཐོག ས་གནས་ས་ཐོག་ཏུ་དོགས་གནད་དང་འགལ་ཟླའི་མངོན་མེད་རྐྱེན་ངན་བསལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་མང་ཚོགས་160ལྷག་ཙམ་ལ་དྲིལ་བསྒྲགས་དངོས་རྫས་150ལྷག་ཙམ་དང་དྲིལ་བསྒྲགས་དཔྱད་ཡིག་60ལྷག་ཙམ་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།