དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མཛེས་ལྗོངས་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    འདི་ནི་མེ་གསོད་རུ་མིས་མཛེས་ལྗོངས་ཁུལ་ལམ་རྒྱུད་ཀྱི་ཟ་ཁང་དང་ཚོང་ཁང་གི་གྱང་ལྡེབས་སུ་མེ་ཟོན་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་ཡིག་རིགས་སྦྱོར་བཞིན་པ།

    འདི་ནི་མེ་གསོད་རུ་མིས་མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་དམངས་སྲོལ་གནས་ཚང་གི་མེ་སྤྱོད་གློག་སྤྱོད་དང་མེ་གསོད་ཡོ་བྱད་སོགས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར་མངའ་རིས་ས་ཁུལ་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག(གཤམ་དུ“ཉིང་ལག་རུ་ཁག”ཅེས་བསྡུ་རྒྱུ)གིས་བར་ཁ་གྲོང་རྡལ་གྱི་མཛེས་ལྗོངས་ཁུལ་དུ་མི་ཚོགས་ཆེ་བ་དང་མེ་སྐྱོན་བྱུང་ཉེན་ཅུང་ཆེ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་པའི་ཁར། མཛེས་ལྗོངས་ཁུལ་གྱི་གཏན་འཇགས་མེ་ཟོན་དྲིལ་བསྒྲགས་ས་ཚིགས་ལ་བརྟེན་ནས་སྣ་མང་ཅན་གྱི་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ་མཛེས་ལྗོངས་ཁུལ་གྱི་མེ་ཟོན་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

    བྱེད་སྒོ་སྤེལ་རིང་ཉིང་ལག་རུ་ཁག་གིས་མཛེས་ལྗོངས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་ཚིགས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་བ་དང་ཆབས་ཅིག་ཆེད་བསྐོས་དྲིལ་བསྒྲགས་པ་དང་། དྲིལ་བསྒྲགས་དངོས་པོ། དེ་བཞིན་སྟབས་བདེའི་གསལ་སྟོན་ཡོ་བྱད་བཅས་བཀོད་སྒྲིག་བྱས་ཏེ“དྲིལ་བསྒྲགས་བྱ་ཡུལ་ཡོད་པ་དང་། ཞབས་འདེགས་ཞུ་མཁན་ཡོད་པ། བློ་འདྲི་དང་ལེན་བྱེད་མཁན་ཡོད་པ”བཅས་ཡོང་བ་བྱས་པ་རེད། ད་དུང་མེ་སྐྱོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་མངོན་མེད་རྐྱེན་ངན་གྱི་གནོད་འཚེར་འགྲེལ་བཤད་བརྒྱབ་སྟེ། གོམས་གཤིས་ངན་པ་དོར་དགོས་པའི་ཁྲིད་སྟོན་དང་གསར་སྤེལ་བྱས་མེད་པའི་ས་ཁོངས་སུ་མྱུལ་དཔྱད་བྱེད་པར་འགྲོ་རྒྱུ་མེད་པའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།