གཞི་རིམ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ།

2025ལོའི་ཟླ་8པར། ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཐུའུ་མོ་ཐེ་ཙུའོ་ཆི་ཧྲན་ཏའེ་གྲོང་རྡལ་ཏུའུ་ལི་པཱ་གྲོང་ཚོར་ཆུ་ལོག་ཐོན་ནས་ཆུ་རགས་འཁྱེར་རྗེས། ཧྲན་ཏའེ་གྲོང་རྡལ་ཏང་ཨུད་ཀྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་གང་ལེགས་བཏོན་ནས། ཕྱོགས་ཁག་གིས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བསྲུངས་ཡོད། འདི་ནི་དྲག་ཆས་ཉེན་རྟོག་དཔོན་དམག་གིས་འབྲུབ་འགོག་ལས་དོན་སྤེལ་བཞིན་པ།

ཉེ་ཆར། ཅང་ཤིས་ཅིའུ་ཅང་གྲོང་ཁྱེར་ཧུའུ་ཁོའུ་རྫོང་ཀྲང་ཆིང་ཤང་གི་པ་ཧྥང་ཤིང་འབྲས་ལྡུམ་རར་ལོ་ལེགས་ཡག་པོ་བྱུང་ཞིང་། ཀྲང་ཆིང་ཤང་ཏང་ཨུད་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་གང་ལེགས་བཏོན་ནས་སྤྱི་ཕན་གྱི་ཞིང་རོགས་བྱེད་སྒོ་སྤེལ་ཏེ་ཞིང་དུད་ལ་འབབ་འཕར་བརྟན་པོ་ཡོང་བར་རོགས་རམ་བྱས་ཡོད། འདི་ནི་ཉེ་ཆར། གཞོན་ནུ་ཏང་ཡོན་གྱིས་ཐད་གཏོང་ལས་སྟེགས་བརྒྱུད་དྲ་ཐོག་ནས་ཁྱད་ལྡན་ཤིང་འབྲས་ངོ་སྤྲོད་བྱེད་བཞིན་པ།

ཤིན་ཅང་པོར་ཐ་ལ་སོག་རིགས་རང་སྐྱོང་ཀྲོའུ་ཡི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཧ་རི་པུའུ་ཧུའུ་མཐའ་མཚམས་མངགས་གཏོང་ཁང་ཨ་རི་ཞ་ཐེ་མཐའ་མཚམས་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་ཏང་ཡོན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་ལས་གྲུབ་པའི་མཐའ་མཚམས་སྐོར་ཞིབ་ཡན་ལག་རུ་ཁག་རི་སྐོར་དུ་བསྐྱོད་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱེད་བཞིན་པ།

ཧུའུ་པེ་ཨེན་ཧྲི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཨེན་ཧྲི་གྲོང་ཁྱེར་གྱིས་དམངས་ཀྱི་ཆེད་དོན་ལས་གནས་བཙུགས་ཏེ་དམངས་འཚོའི་བྱ་བ་དངོས་ལས་ཕྱོད་ཆེན་པོས་བསྒྲུབ་པར་སྐུལ་འདེད་བཏང་བ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གིས་ལག་ལེན་ཁྲོད་ནས་སྲིད་ཇུས་ཤེས་པ་དང་། ལས་སྒོ་བྱང་ཆུབ་པ། ཞབས་འདེགས་ཞུ་མཁས་པ་བཅས་གང་ཡང་ཤེས་མཁན་དུ་གྱུར་ཡོད། འདི་ནི“ལས་སྒོ་ཀུན་གཉེར”གྱི་ཏང་ཡོན་དཔེ་སྟོན་ལས་གནས་ཀྱི་ལས་དོན་པས་གྲོང་མིར་ལས་སྒོ་གཉེར་བཞིན་པ།
ཏང་གི་གཞི་རིམ་རྩ་འཛུགས་ནི་སྤྱི་ཚོགས་ཀྱི་གཞི་རིམ་རྩ་འཛུགས་ཁྲོད་ཏང་གི་དམག་འཐབ་མཁར་རྫོང་ཞིག་ཡིན་ལ། ཏང་གི་ལས་དོན་ཚང་མ་དང་འཐབ་ནུས་ཀྱི་རྨང་གཞི་ཡང་ཡིན།
ལོ་བརྒྱ་ལྷག་ཙམ་རིང་གི་དཀའ་སྡུག་མང་པོའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཏང་དབུ་བརྙེས་མ་ཐག་པའི་གཞི་རིམ་ཏང་རྩ་འཛུགས་བཅུ་ཕྲག་ཁ་ཤས་ནས་ད་ཆའི་གཞི་རིམ་ཏང་རྩ་འཛུགས་ཁྲི་500ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཏེ་འཕྲེད་ཀྱི་མཐའ་ཟིན་པ་དང་། གཞུང་གི་མཐིལ་ཐུག་པ། ཁྱབ་རྒྱ་ཆེ་བ་བཅས་ཀྱི་རྩ་འཛུགས་ཀྱི་དྲ་བ་ཞིག་ཆགས་ནས་ཏང་དར་གཞི་རིམ་གྱི་འཐབ་ས་དང་པོར་ལྷབ་ལྷུབ་ཏུ་ནམ་ཡང་གཡོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།