དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    གཟའ་མཇུག་ཏུ། གྲོང་མི་མི་ཉུང་བ་ཞིག་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་དུ་བསྐྱོད་དེ། དཔེ་ཀློག་གི་དུས་བཟང་ལོངས་སུ་སྤྱོད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཁུན་མིང་གྲོང་ཁྱེར་གྱིས་སྤྱི་པའི་དཔེ་ཀློག་གི་བར་མཐོངས་རྒྱུན་མཐུད་རྒྱ་ཆེར་བཏང་བ་དང་དཔེ་ཀློག་གི་རྣམ་པ་ཟབ་མོ་བཏོད་པས། དཔེ་ཚོང་ཁང་དག་ནི་གྲོང་མི་རྣམས་དཔེ་ཀློག་སྤྲོ་གསེང་དང་ལུས་སེམས་གསོ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་ཟླ་6ཚེས་28ཉིན། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ཤིན་ཧྭ་དཔེ་ཚོང་ཁང་དུ་སློབ་མས་དཔེ་དེབ་ལྟ་བཞིན་པ།

    རྨ་ཆུའི་ཞིང་ཆུ་འདྲེན་ཁུལ་དུ་གནས་པའི་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཧོ་ལན་རྫོང་གིས་རྨ་ཆུའི་ཐོན་ཁུངས་བཟང་པོ་བེད་སྤྱོད་དང་དམིགས་བསལ་གྱི་བསིལ་གྲང་གནམ་གཤིས་ཀྱི་དགེ་མཚན་ལ་བརྟེན་ཏེ། གྲང་བསིལ་སྔོ་ཚལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། ཆུ་གྲོན་ཆུང་དང་ཕན་འབྲས་ཆེར་གཏོང་དང་དམངས་ཕྱུག་གྲོང་དར་གྱི་ལམ་བུ་གསར་པ་ཞིག་རྙེད་ཡོད་པ་རེད། འདི་ནི་ཧོ་ལན་རྫོང་ལི་ཀང་གྲོང་རྡལ་དུ་གནས་པའི་ཉིང་ཞ་རང་བྱུང་སྐར་མ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་རྟེན་གཞིར་ལས་མིས་སྔོ་ཚལ་སོས་པ་ཐུམ་སྒྲིལ་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།