གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་3རག་པ།
བོད་ཀྱི་ལུས་རྩལ་པར་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོ་ཐག་གཅོད་འགྲན་བསྡུར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
གསར་འགོད་པར་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་26ནས་28ཉིན་བར་2026ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོ་ཐག་གཅོད་འགྲན་བསྡུར་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ་སྤེལ་བ་དང་། རང་ལྗོངས་ཀྱིས་ལུས་རྩལ་པ་7འགྲན་བསྡུར་ལ་མངགས་པའི་ནང་འཕེན་མདུང་ལུས་རྩལ་པ་2དང་ཐག་རིང་འབྲིང་རྒྱུག་ཤར་གྱི་ལུས་རྩལ་པ་5ཡོད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་1དང་། དངུལ་གྱི་རྟགས་མ་1 ཟངས་ཀྱི་རྟགས་མ་3བཅས་རག་ཡོད། ཁོང་ཚོར་ཐོབ་པའི་གྲུབ་འབྲས་མང་པོས་མི་སྒེར་གྱི་ཚད་བརྒལ་དང་བོད་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2026ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ཨང་དང་པོ་ཐག་གཅོད་འགྲན་བསྡུར་ནང་སྐྱེས་པའི་རྣམ་གྲངས་21དང་། བུད་མེད་ཀྱི་རྣམ་གྲངས་21 དེ་བཞིན་མཉམ་བསྲེས་རྣམ་གྲངས་1བཅས་ཁྱོན་འགྲན་བསྡུར་གྱི་རྣམ་གྲངས་ཆུང་གྲས་43ཡོད་ཅིང་། རྒྱལ་ཡོངས་ནས་ཡོང་བའི་ལུས་རྩལ་པ་དང་། རུ་སྣེ་ཁྲིད་མཁན། རྩལ་ཁྲིད་པ་སོགས་1400ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།