ད་ལོའི་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་གྱི་ཁག་གསུམ་པའི་མ་དངུལ་སྒོར་དུང་ཕྱུར་625སྤྲད་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་དང་མཉམ་དུ་ས་གནས་ལ་ད་ལོའི་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་གྱི་ཁག་གསུམ་པའི་མ་དངུལ་སྒོར་དུང་ཕྱུར་625སྤྲད་པ་རེད།
ད་ལོའི་ཚུན་དུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ནོར་སྲིད་པུའུ་སོགས་སྡེ་ཚན་དང་མཉམ་དུ་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་གྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བར་རྒྱབ་སྐྱོར་བྱེད་པའི་མ་དངུལ་དུས་ཚིགས་ལྟར་ཁག་བགོས་ནས་གཤམ་སྤྲོད་བྱས་ཡོད། ཟླ་6ཚེས་20ཉིན་བར། འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་པ་དང་ཁ་གསབ་མ་དངུལ་གྱི་བསྡུར་ཚད་དེ་2025ལོའི་1∶7.8ནས་1∶10.3བར་མཐོ་རུ་ཕྱིན་ཡོད།
འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་ལྗང་མདོག་རིག་ནུས་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་མགྱོགས་མྱུར་མངོན་ཞིང་། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་བཅད་གྲངས་ཡན་གྱི་ཚན་པའི་ནུས་ཕྱོད་མཐོ་འབྲིང་གི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་བྱེད་ཚད་30%ལས་བརྒལ་བ་དང་། ནུས་གསར་རླངས་འཁོར་ཁྲོམ་རའི་སིལ་ཚོང་བྱེད་ཚད་ཟླ་བ་གཉིས་བསྟུད་མར་60%ལས་བརྒལ་བ། ད་ལོ་ཁ་གསབ་ཀྱི་ཁྱབ་ཁོངས་ནང་བཅུག་པའི་རིག་ནུས་མིག་ཤེལ་སོགས་འདོགས་ཆོག་གྱོན་ཆོག་པའི་རིག་ནུས་སྒྲིག་ཆས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་ལྡབ་གཅིག་ལྷག་ཙམ་འཕར་ཡོད།
འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ཀྱི་ལས་ཀའི་དལ་ལྷོད་དམ་འཛིན་ལུགས་མཐུན་བྱེད་པར་མུ་མཐུད་མཛུབ་སྟོན་དང་། ཁ་གསབ་མ་དངུལ་དོ་སྙོམས་ངང་སྤྱོད་པ། ཞིབ་དཔྱད་གཏན་འབེབས་དང་དངུལ་སྤྲོད་སྟངས་ཚད་ལྡན་དང་ནུས་ཆེ་ཡོང་བ་བྱེད་པ། འཁོར་འབྲེལ་ཧྲིལ་པོར་གདུབ་ཟུམ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་དབྱང་གི་མ་དངུལ་བེད་སྤྱོད་གཏོང་བའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།