ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་བ།
ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོ་ཚུན་དུ་རང་རྒྱལ་གྱི་དངུལ་རྩའི་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་ཞིང་། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་དོམ་ཁྲའི་བུན་འཛིན་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1329.8འགྲེམས་སྤེལ་བྱས་པ་དང་རྒྱལ་ཕྱིའི་སྒྲིག་གཞི་17དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རར་གསར་དུ་ཞུགས་ཡོད། ཟླ་5པར་རང་རྒྱལ་གྱི་སྲིད་གཞུང་གི་བུན་འཛིན་གྱི་མ་དངུལ་བསྡུ་སྒྲིལ་ཁེ་གཙང་སྒོར་དུང་ཕྱུར་12235.5ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་2349.8ཉུང་དུ་ཕྱིན་པ་དང་། ཁེ་ལས་ཀྱི་བུན་འཛིན་གྱི་མ་དངུལ་བསྡུ་སྒྲིལ་ཁེ་གཙང་སྒོར་དུང་ཕྱུར་1680.4ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་183.9འཕར་ཡོད། ད་ལོའི་ཟླ་5པའི་ཟླ་མཇུག་བར། བུན་འཛིན་ཁྲོམ་རའི་བཅོལ་གཉེར་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་202.6ཟིན་ཡོད།
དོམ་ཁྲའི་བུན་འཛིན་ནི་རྒྱལ་ཕྱིའི་སྒྲིག་གཞིས་རྒྱལ་ནང་དུ་བཀྲམ་པའི་མི་དམངས་ཤོག་སྒོར་གྱི་རིན་གོང་བརྩི་བའི་བུན་འཛིན་ཞིག་ཡིན་ཞིང་། དེ་ནི་རང་རྒྱལ་གྱི་བུན་འཛིན་ཁྲོམ་རའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། མི་དམངས་ཤོག་སྒོར་རྒྱལ་སྒྲོལ་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་རྒྱ་སྐྱེད་གཏོང་བ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་གཏོང་བའི་ལག་ཆ་གལ་ཆེན་ཞིག་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།