དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལས་རིགས་མང་པོ་བསྡུ་སྒྲིལ་བྱས་ནས་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་ཧྲུའེ་ཁྲེ་ཕིང་མཛེས་ལྗོངས་ཁུལ་གྱིས་གསར་བརྗེ་དང་། སྐྱེ་ཁམས། ལུས་རྩལ། རིག་གནས་ཡུལ་སྐོར་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བཏང་ནས་དམར་དམག་གི་ལྗོན་ཤིང་ཐང་ཆེན་དང་། ཆན་ཅང་དམར་དམག་གསར་བརྗེའི་དྲན་གསོ་ཁང་། རོལ་དབྱངས་ཐང་ཆེན། བར་སྣང་དུ་རྐང་འཁོར་གཏོང་བ་སོགས་ཁྱད་ལྡན་གྱི་ཡུལ་སྐོར་རྣམ་གྲངས་ཁག་གཅིག་བཏོད་པ་དང་ཆབས་ཅིག ཧྲུའེ་ཁྲེ་ཕིང་ཁྲོམ་གཞུང་རྙིང་པར་སྲོལ་རྒྱུན་གྲོང་ཚོ་གཅིག་སྡུད་ཡུག་འབྲེལ་གྱི་སྲུང་སྐྱོང་འཕེལ་རྒྱས་དང་བེད་སྤྱོད་ཀྱི་དཔེ་སྟོན་རྣམ་གྲངས་ལག་ལེན་བསྟར་ནས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྟེན་གཞི་བཙུགས་པ་དང་། དམངས་སྲོལ་གནས་ཚང་དང་ཞིང་དུད་སྤྲོ་སྐྱིད་ཁང་30ལྷག་ཙམ་སྐྱེད་སྲིང་བྱས་ཏེ། རིག་གནས་ཡུལ་སྐོར་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་བཏང་ཞིང་། འདི་ནི་ཞོགས་པའི་སྨུག་སྤྲིན་ཁྲོད་ཀྱི་ཧྲུའེ་ཁྲེ་ཕིང་མཛེས་ལྗོངས་ཁུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།