དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བརྡ་ཁྱབ་ཐོན་ལས་ཀྱི་ལོ་རེའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་2ལས་ཐོག་མར་བརྒལ་བ།

    སྡེ་ཚན་དྲུག་གིས་མཉམ་དུ་བསམ་འཆར་བཏོན་ནས་བརྡ་ཁྱབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-06-30

    ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་དྲུག་གིས《དུས་རབས་གསར་པའི་བརྡ་ཁྱབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྐོར་གྱི་བསམ་འཆར》བཏོན་ནས་ལས་དོན་མཉམ་སྒྲུབ་ལ་སྔར་བས་ཤུགས་སྣོན་དང་སྲིད་ཇུས་སྣ་མང་ཕུན་སུམ་ཚོགས་སུ་བཏང་སྟེ་བརྡ་ཁྱབ་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟོན་ཡོད་པ་རེད།

    བརྡ་ཁྱབ་ཐོན་ལས་ལ་འཕྲད་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་ལས་འགན་གྱི་བླང་བྱར་དམིགས་ནས་བསམ་འཆར་ནང་ཞིབ་ཕྲའི་བྱ་ཐབས་དྲུག་བཏོན་པ་སྟེ། ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ས་ཁོངས་ཀྱི་ཁྱད་པར་ཅན་གྱི་འཕེལ་རྒྱས་ལ་མཛུབ་ཁྲིད་བྱས་ཏེ་ས་ཁོངས་ཀྱི་མཉམ་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་བརྡ་ཁྱབ་ཁྱབ་ཁོངས་སུ་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲངས་རིག་བརྡ་ཁྱབ་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། མཉམ་འདྲེས་ཀྱི་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་བཏང་ནས“བརྡ་ཁྱབ་+”བྱ་སྤྱོད་ལག་བསྟར་དང་། སྤུས་རྟགས་འཛུགས་སྐྱོང་ལ་འདེགས་སྐྱོར། འཛད་སྤྱོད་ཀྱི་འདོད་བློ་འཕེལ་བ་བཅས་བྱས་ཏེ་བརྡ་ཁྱབ་ཁྲོད་དུ་རིག་གནས་འདུས་ཤུགས་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་བརྡ་ཁྱབ་ཁེ་ལས་དང་རང་རྒྱལ་གྱི་ལེགས་ཆའི་ཐོན་ལས་དང་སྤུས་རྟགས་མཉམ་དུ་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་བར་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་བརྡ་ཁྱབ་ཀྱི་ཐོན་ཁུངས་སྤུས་ལེགས་འདྲེན་པ། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། བརྡ་ཁྱབ་ལ་ལྟ་འདོམས་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཚད་གཞིའི་ཁྲིད་སྟོན་ནུས་པ་འདོན་པ་བཅས་བྱས་ཏེ་བརྡ་ཁྱབ་ཁྲོམ་རའི་ཁོར་ཡུག་རྒྱུན་མཐུད་དྭངས་གཙང་ཡོང་བར་བྱེད་པ། རྩ་འཛུགས་ཀྱི་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་ནོར་སྲིད་དང་། དངུལ་རྩ། ཤེས་ལྡན་པ་བཅས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2025ལོའི་བརྡ་ཁྱབ་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་20502.1ཟིན་པ་དེ་ལོ་གོང་མ་ལས་32.6%འཕར་ནས་སྒོར་དུང་ཕྱུར་ཁྲི་2ཀྱི་རིམ་པར་ཐེངས་དང་པོ་སླེབས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བརྡ་ཁྱབ་ཐོན་ལས་ཀྱི་གཞི་ཁྱོན་ལྡབ་འཕར་བྱུང་ནས་ལོ་རེའི་ཆ་སྙོམས་མཉམ་འདུས་འཕར་ཚད་16.8%ཟིན་པ་དང་ཁྲོམ་རའི་གཞི་ཁྱོན་གོ་ལ་ཧྲིལ་པོར་ཨང་གཉིས་པར་སླེབས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།